མིག་ཆུའི་སྐྱེལ་མ།

ལྕགས་ཐར་རྩེ་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-08

——ཡུལ་ཤུལ་ས་འགུལ་ཁྲོད་གནོད་སྐྱོན་ཐེབས་པའི་སྤུན་ཟླ་མི་རིགས་ལ་ཕུལ་བ།
ཉིན་དེ  སྐར་ཆ་རེ་རེ་མིག་ཆུ་ཡིས་བསྐྱལ་ཞིང་
དུས་ཚོད་རེ་རེ་འཇིགས་སྐྲག་གིས་བསྐྱལ་བའི་ཉིན་དེའི
སྐྱོ་ལྷང་ལྷང་གི་འོ་དོད་དང་འཇིགས་ཡེར་ཡེར་གྱི་སྐར་ཆ་ཙམ་ཡང་
ན་ཟུག་དང་བཟོད་བསྲན་གྱིས་བསྐྱལ་བའི་ཉིན་དེ
ང་ཚོས་གཏན་ནས་གཏན་ཏུ་བརྗེད་མི་སྲིད་ཨང་

ཡུལ་ཤུལ  རྡོ་བ་ལས་ཀྱང་མིག་ཆུ་བཞུར་ཞིང་
བར་སྣང་དང་དུས་ཚོད་ཀྱི་ཁ་དོག་གཅིག་ཏུ་བསྙབས་པའི་ཉིན་དེའི་
སྐྱི་གཡའ་བའི་ནམ་མཁའ་དང་ས་གཞིའི་སྦྲེལ་མཚམས་སུ
ཆུ་ཕྲན་གྱི་དབྱངས་སྙན་ཞི་ཞིང་ལྗོན་ཤིང་གི་འདབ་ལོ་འཐོར
ཚེ་སྲོག་གི་དུངས་པ་ལྷོད་ཅིང་སྨྲ་བརྗོད་ཀྱི་མིག་འོད་ཉམས
4.14   ཕ་ཡུལ་ཡུལ་ཤུལ་ལགས

མུན་ནག་དང་དུག་ཞགས་འདིའི་ཕ་རོལ་ན
ཉི་མ་ཡང་དལ་ཅག་གེར  རི་ཚོགས་ཀྱི་ལྟག་རྒྱབ་ཏུ་ལྷུང་བས
རི་རྒྱུད་སྟོང་ཕྲག་གིས་བཅད་པའི་ཚོ་ཁག་ཅིག་ཏུ
ང་ཚོས་དྲན་གདུང་དང་རེ་སྨོན་གྱི་མཛའ་གཞས་ཤུགས་ཀྱིས་བླངས་ནས
ཁྱོད་ཀྱི་ཕྱོགས་སུ   མར་མེ་སྟོང་ཕྲག་གི་མཆོད་མེ་བཏེགས་ནས་ཡོད
ཁྱོད་ཀྱི་ཆེད་དུ    བསྔོ་བ་འབུམ་ཕྲག་གི་སྨོན་ལམ་བཀྱགས་ནས་ཡོད

སྐད་ཅིག་མ་དེར  རོ་ལངས་རྒྱབ་འདྲའི་ས་གཞི་ནག་པོ་མྱ་ངན་གྱིས་འཁྱོམ་ཞིང་
ཀུ་རེ་རྩེད་འདྲའི་ཁང་ཁྱིམ་དྲོན་མོ་རྡུལ་དམར་གྱིས་སློག་པའི་སྐད་ཅིག་མ་དེར
ང་ཚོས་མ་ཁ་སོ་ཡིས་བསྡམ་ནས་
འཆི་བདག་གི་མདུན་དུ་ཁྲིད་པའི་ཕ་མ་ཡོད་ཚད་ལ་གསོལ་བ་འདེབས
ང་ཚོས་སེམས་ཤུགས་ཡོད་ཚད་བསྐྱེད་ནས
རྐྱེན་ལམ་དུ་དེད་པའི་བུས་པ་ཡོད་རྒུ་ལ་སྐྱབས་འཇུག་ཞུ
ཨོྂ་མ་ཎི་པདྨེ་ཧཱུྃ།

འཇིག་རྟེན་ན་བརྩེ་བའི་སྙིང་རྗེའི་ཕྱག་རྒྱ་ཡོད་ཚད
མི་ཡུལ་ན་བཞད་པའི་རྣམ་དག་གི་མིག་ཞགས་གྲངས་མེད
འདི་ལྟར་མཛེས་སྡུག་གིས་སྨིན་ནས
ཁྱོད་དང་ལས་དབང་གཅིག་གི་ཕ་རོལ་ནས
ཡིག་དྲུག་གི་སྐྱེལ་མ་བྱས་ཡོད 
བདག་གི་སྤུན་ཟླ་ལགས 
བདེ་པར་ཕེབས་རོགས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུའི་སྐྱེལ་མ།

2010-05-08 ལྕགས་ཐར་རྩེ་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།