མཐའ་མཇུག་གི་གནང་ཞུའི་ཡི་གེ

ཀུན་གྱིས་བླ་ནས་བླ་རུ་བཀུར་བཞིན་པའི

བདག་གི་མགོ་ཁྲིད་ལགས

ཁྱེད་ཀྱིས་ནམ་རྒྱུན་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི

མ་རྩ་བ་བཞིན

གདོང་ལ་ཁྲོ་གཉེར་མངོན་བཞིན 

ང་ལ་“ང་ཚོ་དུས་ཚོད་དང་མཉམ་དུ་རྒྱུགས་རེས་འཐེན་དགོས”ཟེར

ཁྱེད་ཀྱིས་ནམ་རྒྱུན་ཞིང་བྲན་ལམ་ལུགས་ནང་གི

ཞིང་བདག་བཞིན

ངའི་སེར་ཐག་ཆོད་པའི་གདོང་ལ་མཛུབ་མོས་བཙུགས་ནས

ང་ལ་“ང་ཚོས་ཅིས་ཀྱང་བོང་བུ་དང་བྱ་ཕོ་ལ་སློབ་སྦྱོང་བྱེད་དགོས་” ཟེར

 

བདག་གི་མགོ་ཁྲིད་ལགས

ང་ལ་མི་འདོད་པའི་ནད་གང་གིས་ཀྱང་གཙེས་མེད་ནའང

ང་ངལ་ཞིག་གསོ་དགོས

མགོ་བརྩམས་པ་ནས་བཟུང         ངས་རང་ཉིད་ཀྱི་ཡོད་ཚད

མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་ཟིན་ཅིང

ལས་ལ་བརྩོན་པའི་སྦྲང་མ་བཞིན

ངས་    རང་ཉིད་ཀྱི་ཡོད་ཚད

ཁྱོད་ཀྱི་སླད་དུ་ཕུལ་ཟིན་པས

ད་ནི      ང་ངལ་ཞིག་གསོ་དགོས

 

ང་དངོས་གནས་ངལ་ཞིག་གསོ་དགོས

ཀུན་གྱིས་བླ་ནས་བླ་རུ་བཀུར་བཞིན་པའི

བདག་གི་མགོ་ཁྲིད་ལགས

ཤ་ཟད་ནས་རུས་ལྷང་ལ་བུད་འདུག་པའི་དུས་སྐབས་འདི་འདྲ་ཞིག་ལ

ཁྱེད་ཀྱིས་ང་ལ་གནང་བ་ཞིག་ཅིས་ཀྱང་སྟེར་རོགས་མཛོད

སྟེར་རོགས་མཛོད

       ཞེས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་འབངས་དཀྱུས་མ་ཞིག་ནས

 

         ༢༠༡༠ཟླ༤པའི་ཚེས་༢༨ཉིན་མིག་ཟུང་མཆི་མས་བརླན་བཞིན་ཕུལ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐའ་མཇུག་གི་གནང་ཞུའི་ཡི་གེ

2010-05-08 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

ཀུན་གྱིས་བླ་ནས་བླ་རུ་བཀུར་བཞིན་པའི

བདག་གི་མགོ་ཁྲིད་ལགས

ཁྱེད་ཀྱིས་ནམ་རྒྱུན་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི

མ་རྩ་བ་བཞིན

གདོང་ལ་ཁྲོ་གཉེར་མངོན་བཞིན 

ང་ལ་“ང་ཚོ་དུས་ཚོད་དང་མཉམ་དུ་རྒྱུགས་རེས་འཐེན་དགོས”ཟེར

ཁྱེད་ཀྱིས་ནམ་རྒྱུན་ཞིང་བྲན་ལམ་ལུགས་ནང་གི

ཞིང་བདག་བཞིན

ངའི་སེར་ཐག་ཆོད་པའི་གདོང་ལ་མཛུབ་མོས་བཙུགས་ནས

ང་ལ་“ང་ཚོས་ཅིས་ཀྱང་བོང་བུ་དང་བྱ་ཕོ་ལ་སློབ་སྦྱོང་བྱེད་དགོས་” ཟེར

 

བདག་གི་མགོ་ཁྲིད་ལགས

ང་ལ་མི་འདོད་པའི་ནད་གང་གིས་ཀྱང་གཙེས་མེད་ནའང

ང་ངལ་ཞིག་གསོ་དགོས

མགོ་བརྩམས་པ་ནས་བཟུང         ངས་རང་ཉིད་ཀྱི་ཡོད་ཚད

མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་ཟིན་ཅིང

ལས་ལ་བརྩོན་པའི་སྦྲང་མ་བཞིན

ངས་    རང་ཉིད་ཀྱི་ཡོད་ཚད

ཁྱོད་ཀྱི་སླད་དུ་ཕུལ་ཟིན་པས

ད་ནི      ང་ངལ་ཞིག་གསོ་དགོས

 

ང་དངོས་གནས་ངལ་ཞིག་གསོ་དགོས

ཀུན་གྱིས་བླ་ནས་བླ་རུ་བཀུར་བཞིན་པའི

བདག་གི་མགོ་ཁྲིད་ལགས

ཤ་ཟད་ནས་རུས་ལྷང་ལ་བུད་འདུག་པའི་དུས་སྐབས་འདི་འདྲ་ཞིག་ལ

ཁྱེད་ཀྱིས་ང་ལ་གནང་བ་ཞིག་ཅིས་ཀྱང་སྟེར་རོགས་མཛོད

སྟེར་རོགས་མཛོད

       ཞེས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་འབངས་དཀྱུས་མ་ཞིག་ནས

 

         ༢༠༡༠ཟླ༤པའི་ཚེས་༢༨ཉིན་མིག་ཟུང་མཆི་མས་བརླན་བཞིན་ཕུལ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།