སྐྲ་ལོ་བཞར་དགོས་མ་ཟེར།
འོག་གི་རྡུལ་ཕྲན་འཕྱུར་འཕྱུར
བར་གྱི་རླུང་བུ་གཡུག་གཡུག
གོང་གི་མེ་སྟག་འཁྱུག་ན
གཤིས་བཟང་བུ་མོ་ཞིག་ལ
བདེན་པའི་སྐད་ཆ་ཨེ་དགོས
རྒྱ་མཚོའི་རབ་ཁ་ཞིག་ནས་རེ་སྒུག་བྱས་པའི་ཉ་མོ
མིག་ཤེལ་མ་གྱོན་པའི་ཡར་སྔོན་ཞིག་གི་གཏམ་རྒྱུད
ང་རང་ད་དུང་འཚོ་བ་དེའི་གསེབ་དུ་འཚང་བ་ཡིན་ནམ
འཚོ་བ་དེ་ང་ཡི་བྲང་འོག་ནས་འཕག་འཚག་རྒྱག་པ་ཡིན
སྐབས་དེར་སྐྲ་ལོ་ང་ཡི་སྙིང་དུ་སྡུག་པའི་སྙན་ངག
སྙན་ངག་ང་ཡི་ཡིད་ཆས་བྱས་ཆོག་པའི་ཆུང་མ
ཆུང་མ་ང་ཡི་གོམས་གཤིས་སུ་སོང་བའི་འཚོ་བ
ལོ་རྒྱུས་མ་ཤེས་པའི་ནག་ཉེས
དེང་རབས་མ་མཁྱེན་པའི་སྡུག་བསྔལ
ད་དུང་ང་ཡིས་ནག་ཉེས་དང་སྡུག་བསྔལ་འཁུར་དགོས་སམ
བདག་གི་མགོ་བ
ང་ཡི་མགོ་བ
སྐྲ་ལོ་དེ་ནི་བཞར་དགོས་མ་ཟེར
ང་ཡི་ཆང་མ
ཝུ་ཆང་དེ་ནི་གཅོད་དགོས་མ་ཟེར
ང་ཡི་ལྟད་མོ་བ
གཤིས་ཀ་འདི་ནི་བསྒྱུར་དགོས་མ་གསུངས
སྤྱི་ལོ༢༠༡༠ལོའི་ཟླ༡བོའི་ཚེས༢༣ཉིན་དཔྱིའི་མེ་ཏོག་ཐང་ནས།
རྩོམ་ཁུངས། ངེད་དྲ་བ།