སྡུག་གི་མུན་པ་སངས་པར་ཐེ་ཚོམ་མེད།
ཡུལ་ཤུལ་ས་འགུལ་ལ་ཕུལ་བའི་གཞས་ཚིག
སྤྱི་ལོ་ཉིས་སྟོང་བཅུ་ཡི
ཟླ་བ་བཞི་བའི་ཚེས་པ་བཅུ་བཞིའི་ཉིན
ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང
སུ་ཞིག་གི་རིན་ཆེན་ཚེ་སྲོག་འཕྲོག་སོང
སུ་ཞིག་གི་འཚོ་བའི་རྟེན་གཞི་སྟོང་སོང
སུ་ཞིག་གི་ཕ་མའི་བྱམས་བརྩེ་བྲལ་སོང
སུ་ཞིག་གི་གཅེས་པའི་ལག་རྟེན་ཆག་སོང
རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད་ཀྱང
ང་ཚོས་བརྩེ་བའི་ལག་ཟུང་དམ་པོར་སྦྲེལ་ཡོད
ཨ ཡུལ་ཤུལ་གྱི་སྤུན་ཟླ
ཨ ཡུལ་ཤུལ་གྱི་ནང་མི
བློ་མ་ཕམ སེམས་མ་སྡུག
འཇིག་རྟེན་སྐྱིད་སྡུག་གནམ་གྱི་འཁོར་ལོ་རེད
སུའི་ཡང་མགོ་ལ་ནམ་འཁོར་ཆ་མེད་རེད
ང་ཚོས་སྡུག་གི་ཁུར་བོ་ལྷན་དུ་འཁུར
ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་དུ་བཞོན
སང་ཉིན་ཞོགས་པར་ཉི་རྩེ་ཤར་མ་ཐག
སྡུག་གི་མུན་པ་སངས་པར་ཐེ་ཚོམ་མེད
སྤྱི་ལོ་ཉིས་སྟོང་བཅུ་ཡི
ཟླ་བ་བཞི་བའི་ཚེས་པ་བཅུ་བཞིའི་ཉིན
ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང
སུ་ཞིག་གི་མི་ཚེའི་འདུན་མ་བརླག་སོང
སུ་ཞིག་གི་རེ་བའི་འཛུམ་ཆུང་ཡལ་སོང
སུ་ཞིག་གི་སྙན་པའི་གླུ་སྐད་འགག་སོང
སུ་ཞིག་གི་ཆུང་འདྲིས་བྱམས་པ་བོར་སོང
རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད་ཀྱང
ང་ཚོས་ཡིད་ཆེས་རེ་བ་དམ་པོར་བཅངས་ཡོད
ཨ ཡུལ་ཤུལ་གྱི་སྤུན་ཟླ
ཨ ཡུལ་ཤུལ་གྱི་ནང་མི
ཁོ་མ་ཆད དཔའ་མ་ཞུམ
འཇིག་རྟེན་སྐྱིད་སྡུག་གནམ་གྱི་འཁོར་ལོ་རེད
སུའི་ཡང་མགོ་ལ་ནམ་འཁོར་ཆ་མེད་རེད
ང་ཚོས་སྡུག་གི་ཁུར་བོ་ལྷན་དུ་འཁུར
ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་དུ་བཞོན
སང་ཉིན་ཞོགས་པར་ཉི་རྩེ་ཤར་མ་ཐག
སྡུག་གི་མུན་པ་སངས་པར་ཐེ་ཚོམ་མེད
སྤྱི་ལོ་ཉིས་སྟོང་བཅུ་ཡི
ཟླ་བ་བཞི་བའི་ཚེས་པ་བཅུ་བཞིའི་ཉིན
ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང
སུ་ཞིག་གི་ཟུར་མིག་མདའ་མོ་ལུས་སོང
སུ་ཞིག་གི་སྙིང་གཏམ་འཕྲོ་མ་ལྷག་སོང
སུ་ཞིག་གི་སེམས་ཀྱི་གསང་བ་ཁྱེར་སོང
སུ་ཞིག་གི་བརྩེ་འདང་འོ་ཇ་འཁྱགས་སོང
རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད་ཀྱང
ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད
ཨ ཡུལ་ཤུལ་གྱི་སྤུན་ཟླ
ཨ ཡུལ་ཤུལ་གྱི་ནང་མི
ངུ་མ་ལུག གཉའ་མ་སྒུར
འཇིག་རྟེན་སྐྱིད་སྡུག་གནམ་གྱི་འཁོར་ལོ་རེད
སུའི་ཡང་མགོ་ལ་ནམ་འཁོར་ཆ་མེད་རེད
ང་ཚོས་སྡུག་གི་ཁུར་བོ་ལྷན་དུ་འཁུར
ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་དུ་བཞོན
སང་ཉིན་ཞོགས་པར་ཉི་རྩེ་ཤར་མ་ཐག
སྡུག་གི་མུན་པ་སངས་པར་ཐེ་ཚོམ་མེད
རྩོམ་ཁུངས། ངེད་དྲ་བ།