ཚེ་སྲོག་གི་གདུང་འབོད།

ཁྱེད་ནི་འཇའ་ཚོན་གྱི་འོང་སྣང་ཞིག་ཡིན་ནམ།

ཡང་ན་སེམས་ཀྱི་མེ་ལོང་ཞིག

ཁྱོད་ནི་ཤ་ཁྲག་གི་ཕུང་བོ་ཞིག་ཡིན་ནམ།

ཡང་ན་རྣམ་ཤེས་ཀྱི་གུར་ཁྱིམ་ཞིག

འཇིག་རྟེན་དུ།  ཁྱོད་ཀྱི་བར་སྣང་ཐོག་མར་ཕྱེ་བ་ནས།

གནམ་སྔོན་པོ་ནི་ཁྱེད་ཀྱི་སྐྱིད་སྡུག་གི་མགོ་སྦྲ་ཡིན་ཟེར།

འཇིག་རྟེན་དུ།  ཁྱོད་ཀྱི་ཞབས་རྗེས་ཐོག་མ་དཔར་བ་ནས།

ས་དོག་མོ་ནི་ཁྱེད་ཀྱི་རང་དབང་གི་རྩེད་ར་ཡིན་ཟེར།

སྲིད་པ་ས་ལ་ཆགས་པ་ནས།

ཁྱེད་ཀྱི་འཚོ་བའི་སྒོ་མོ་ཕྱེ་སྟེ་འཛམ་གླིང་གི་ཡང་རྩེ་འདིར།

དགའ་སྐྱོ་ཐམས་ཅད་གླུ་སྐད་ཀྱིས་སྒྲུག་ཅིང༌།

བྱ་བཞག་ཐམས་ཅད་བློ་གྲོས་ཀྱིས་བཞེངས་ཏེ།

ཤེས་རིག་གི་དར་རྒུད།

མི་ཚེ་ཡི་ཕྲེང་ཐག

འཚོ་བ་ཡི་འཐབ་འཛིང༌།

ཡོད་ཚད་ལོ་རྒྱུས་ཀྱི་གཏེར་དུ་བྱས་ནས།

མཚར་སྡུག་འོད་སྟོང་འབར་བའི་ཁ་སང་ནས་དེ་རིང་གི་བར་དུ།

མི་རབས་ནས་མི་རབས་སུ།

ང་ཚོའི་བློ་སྙིང་ལ་མདོ་དབུས་ཁམས་གསུམ་གྱི་ཁྲག་རྩ་གཅིག་ཏུ་ལྡང༌།

ང་ཚོའི་མིག་ལ་ལས་འབྲས་ཀྱི་རྣམ་གཞག་མཉམ་དུ་ཤར༌།

ང་ཚོའི་ཆུ་རྒྱུན་གངས་དང་འབྲེལ།

ང་ཚོའི་རི་རྒྱུད་རྫ་དང་འབྲེལ།

ཉམས་ཆུང་བའི་ཚེ་སྲོག་ཀྱང་གཅིག་ཏུ་འབྲེལ།

འོན་ཀྱང༌།  དུས་དེ་རིང༌།

སའི་གོ་ལའི་གསིག་རྡེབ་སྐད་ཅིག་མ་དེས།

ཡོད་ཚད་ཀྱི་མིག་ལམ་སྐྱ་འཚུབ་བེར།

ཡོད་ཚད་ཀྱི་ངོ་གདུང་རྡུལ་ཉིལ་ལེར།

སྐྱེ་དགུ་མདོ་ནས་ཁྲག་མདོག་གི་གཏམ་རྒྱུད་འཕྱུར་སོང༌།

སྐྱེ་དགུ་མདོ་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་མཆི་མས་ཡོངས་སུ་སྦངས་སོང༌།

རེད་ཡ།  ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་མོ་རེད།

ཡུས་ཧྲུའུ་ཞེས་པའི་ས་ཆ་དེར།

སྐྱེས་བུ་སུ་ཞིག་གི་གོམ་སྟབས་གཡང་ལ་ལྷུང་བའི་སྐད་ཅིག་མར།

སྐྱེས་མ་སུ་ཞིག་གི་ཡུག་སྐྲ་ཐང་ལ་ལྷུང་སོང༌།

མ་ཡུམ་སུ་ཞིག་གི་སྙིང་གི་ཕྱེད་ཀ་དེ་བོར་སོང༌།

མདོར་ན།  ཉམས་ཆུང་བའི་ཚེ་སྲོག་གྲངས་མེད་ཅིག

རྡུལ་ཉིལ་ལེར་སོང་བའི་སྐད་ཅིག་མར།

སྡུག་བསྔལ་གྱི་ཞིང་ཁམས་གང་ཞིག་ལ་ཆས་སོང༌།

ཀྱེ་ཀྱེ། སྙིང་ཉེ་བའི་མི་དང་ལྷ།

སྙིང་ཉེ་བའི་མཐོ་སྒང་གི་མི་དང་ལྷ།

ང་ལ་སྲིད་པའི་ཡང་སྙིང་མཐོང་བའི་མེ་ལོང་དེ་སྩོལ་རོགས།

བདག་གིས་ས་གཞི་འདིའི་མུན་ནག་ཡོངས་སུ་གསལ་ནས།

མི་ཡུལ་ལ་ཕྱི་གསལ་ནང་གསལ་གྱི་ཁོར་ཡུག་ཅིག་བསྐྲུན་འདོད།

ཀྱེ་ཀྱེ།  སྙིང་ཉེ་བའི་མི་དང་ལྷ།

སྙིང་ཉེ་བའི་མཐོ་སྒང་གི་མི་དང་ལྷ།

ང་ལ་འཁོར་བའི་གཏིང་ཐག་གཅོད་པའི་རལ་གྲི་དེ་གནང་རོགས།

བདག་གིས་སྡུག་བསྔལ་གྱི་རྩ་བ་ཐམས་ཅད་བཅད་ནས།

ཉམས་ཆུང་བའི་ཚེ་སྲོག་ལ་དམར་མཆོད་ཐེངས་ཤིག་བྱེད་འདོད།

ཚེ་སྲོག   ཉམས་ཆུང་བའི་ཚེ་སྲོག

རྩྭ་ལྗང་གི་རྩེ་མོ་ན་འོད་འཁྱུག་གེར་འགུལ་བའི་བསིལ་ཐིགས་ཕྲ་མོ་བཞིན།

རླུང་བུ་གཡུག་ཐེངས་ཤིག་གམ།

རྡོག་སྣེ་འཕྲད་ཐེངས་ཤིག་གིས་ཡོངས་སུ་གཏོར་སྲིད་པའི་ཚེ་སྲོག

ཁྱོད་ཡོད་པས། འཇིག་རྟེན་གསོན་ཞིང༌།

འཚོ་བའི་ཡང་སྙིང་རྙེད་པ་མ་ཡིན་ནམ།

ཉམས་ཆུང་བའི་ཚེ་སྲོག

ཁྱོད་ཡོད་པས།  དཔྱིད་ཀྱི་སྒེག་ཉམས་དང༌།

དབྱར་ཁའི་མཛེས་སྡུག 

སྟོན་གྱི་ལོ་ལེགས་སོགས་མཐོང་བ་མིན་ནམ།

ཁྱོད་ཡོད་པས།  ཕ་མ་དང་བུ་ཕྲུག་གི་བྱམས་བརྩེ་རྙེད་པ་མིན་ནམ།

ཁྱོད་ཡོད་པས་མིའི་རིགས་ཀྱི་བརྩེ་བ་ཡོད་ཚད་རྙེད་པ་མ་ཡིན་ནམ།

ཁྱེད་ཀྱིས། མི་རེ་རེའི་དབུགས་རྒྱུན་དང་ལྷན་དུ།

འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ཉམས་སུ་མྱོང་ཞིང༌།

འཇིག་རྟེན་ལ་ངོ་མཚར་དང་གཟི་བརྗིད་བསྐྲུན་པ་མ་ཡིན་ནམ།

རེད་ཡ།  ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་མོ་རེད།

ཡུས་ཧྲུའུ་ཞེས་པའི་ས་ཆ་དེར།

ཚེ་སྲོག་གི་གོད་ཆག་ཐེབས་པས།

ང་ཚོའི་སེམས་ལ་ན་བུན་འཐུབ་བྱུང༌།

སྙིང་ལ་གཟེར་ཤ་ལངས་སོང༌།

མིག་ལ་མཆི་མ་འཁོར་བྱུང༌།

ཀྱེ་ཀྱེ།  ས་ཆེན་པོའི་ཡང་སྟེང་ན་འགྱིང་བའི་མི་དང་ལྷ།

ས་ཆེན་པོའི་སྙིང་དབུས་ན་གསོན་པའི་མི་དང་ལྷ།

ལུས་ངག་གི་གུས་འདུད་མ་ཎི་ཡིག་དྲུག་གི་བཟློས་བརྗོད་ལ་འགུགས་བཞིན།

གསོལ་འདེབས་ཀྱི་ཐལ་མོ་སྙིང་ཁར་སྦྱོར་དང༌།

ཉམ་ཆུང་བའི་ཚེ་སྲོག་རེ་རེར་གདུང་འབོད་དང༌།

འདས་པོ་ཚོའི་རྣམ་ཤེས་འདྲེན་པའི་མཆོད་བསྟོད་ཅིག་བྱ།

སྤྱི་ལོ་༢༠༡༠ལོའི་ཟླ༤ཚེས༡༧ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་གདུང་འབོད།

2010-05-05 སྨུག་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།