གྲོང་ཁྱེར་ལན་གྲུར་སྤྲིངས་པ།
སྨིན་ཐང་བུ་མོ་གླེང་བས་ཁག་གསུམ་པ།
དེ་རིང་བྲིས་པའི་སྙན་ངག་དེ་ནི་སྙིང་ཆུང་འགུལ་བའི་འཕར་སྒྲ་ཡིན།།
དེ་རིང་ནམ་མཁའི་ཆུ་འཛིན་འདི་ནི་ང་ཡི་སེམས་ཀྱི་སྨྲེང་གཞས་ཡིན།།
དེ་རིང་འབབ་པའི་སྤྲང་ཆར་འདི་ནི་མཛའ་མོ་དྲན་པའི་མིག་ཆུ་ཡིན།།
དེ་རིང་དྲོད་འཇམ་ཉི་འོད་འདི་ནི་མཛའ་མོར་བཅངས་བའི་བརྩེ་བ་ཡིན།།
དེ་རིང་ང་ཡི་ཁོར་ཡུག་ཀུན་ཏུ་མཛའ་མོར་རེ་བའི་མྱུ་གུ་ཡོད།།
དེ་རིང་ང་ཡི་འཕྲིན་པ་འདི་ནི་མི་བུ་ཡིན་པའི་བདེན་དཔང་ཡིན།།
དེ་རིང་རྟ་བོ་གྲོང་ཁྱེར་འདི་ནི་ལྷིང་འཇགས་ཡིན་པའི་སུན་སྣང་སྐྱེ།།
དེ་རིང་ལན་གྲུར་གྲོང་ཁྱེར་དེ་ནི་ང་ཡི་གསང་བ་འཚོལ་ས་ཡིན།།
རྩོམ་ཁུངས། ངེད་དྲ་བ།