མཚོ་ངོས་སུ་ཤར་བ་ལྟ་བུའི་ཟླ་འོད།
རལ་གྲིའི་མིག་ཆུ་དམར་པོ
ཤེས་རབ་དང་ཟིལ་ཤུགས་འཇོམས་བྱེད་ཀྱི་ཡིག་འབྲུ
ལོ་རྒྱུས་ཀྱི་རི་གྲོང་ན་བདག་མེད་དུ་ལུས་པའི་སྨྲ་བརྗོད་དང
སྨུག་སྤྲིན་ཁྲོད་ན་རྐང་རྗེན་དུ་འགྲོ་བཞིན་པའི་དྲང་བདེན་འཁྱམ་པོ
བདག་གིས་ཨུ་ཚུགས་ཀྱིས་དེ་འོངས་པའི་སྤྲིན་པ་དང
ཁྱེད་ཀྱི་ནམ་མཁར་ལྡིང་པའི་ཆུ་ཐིགས་ཤིག
ངའི་གྲོགས་པོ་གྲོགས་མོ་ཚོ་འཚབ་འཚུབ་ངང་ཕྱོགས་ཕྱོགས་སུ་རྒྱུག་ལ
རླུང་བུས་དེད་འོངས་དུས་ཡོད་ཚད་འཇའ་རུ་གྱུར་འགྲོ
ལྕི་མོ་ལྕི་མོ་ཞིག་གིས་མནན་འོངས་པ་ལྟ་བུའི་བདག་གི་དྲན་ཤིང
ཁྱེད་ཀྱི་ལང་ཚོ་དང་མཛེས་སྡུག་ཆར་ཆུས་ཟགས་ཉིན
བདག་གི་བླ་སྲོག་གི་ལྗོན་པ་ས་ལ་འགྱེལ་འགྲོ
ནམ་རྒྱུན་རྨི་ལམ་དུ་འཁོར་སྲིད་པའི་གླུ་སྐད་དང་སྙིང་གཏམ་གྱིས
ང་བསླུ་བྲིད་དང་གཡོ་འཚོང་བྱེད་སྲིད་ན
ཇི་ལྟར་བཏོན་ཡང་ཚར་མི་སྲིད་པའི་མིག་ཆུ
དེ་རིང་ཡང་བསྐྱར་ཁང་དང་ཁ་བར་འགྱུར་འགྲོ་སྲིད་དམ
ལས་དབང་དང་དྲན་སྣང་ཡོད་ཚད་རྒུད་ཀྱིན་པའི་ངས
རང་གི་སེམས་པའི་གཏིང་རིམ་ན་ཉལ་བའི་མེ་ཏོག་དེ་ལ
ཉི་འོད་ཀྱི་སྐུད་པ་ཕྲ་མོ་ཞིག་གི་དྲན་རྟེན་འབུལ་དགོས
རྩོམ་ཁུངས། ངེད་དྲ་བ།