བུ་མོ་སྒྲོལ་མའི་སླེབས་སྟངས།

སྟོན་གཞུག་སྡོང་ལོ་འཐོར་བའི་དུས་ཚིགས་ཤིག་ལ།།
དུང་སེམས་རླུང་ཁས་ཟད་པའི་1སྦ་གཟེལ་གྲོང་ནས།།
བརྩེ་བ་སྙིམ་པར་བཏེགས་ནས་སླེབས་སྟངས་ཤིག་གིས།།
འོད་ཀྱི་འཇིག་རྟེན་དོགས་སྣང་སྨག་གིས་ཟིན་སོང།།

བུ་མོ་སྒྲོལ་མའི་དུང་སེམས་སྤྲིན་དང་འདྲ་བས།།
དུས་དང་ནམ་ཟླའི་གསེབ་ནས་ཐོལ་གྱིས་མངོན་བྱུང།།
ང་དང་འདྲིས་པའི་ལོ་ཟླ་རིང་ཞིག་མ་སོང།།
བརྩེ་བའི་གསེར་ལོ་སྣུམ་པོ་བཏེགས་ནས་སླེབས་བྱུང།།

ཁྱོད་ངའི་བརྩེ་བ་མི་འགྱུར་མནའ་ཚིག་ཡིན་ཟེར།།
མི་ཚེ་རིང་མོར་ལྷན་འདྲིས་ཚེ་གྲོགས་ཡིན་ཟེར།།
ལས་དབང་རླུང་ལ་སྙིང་རྗེའི་སེམས་ཤིག་ཡོད་ན།།
བརྩེ་བའི་ལས་ལ་བར་ཆད་མ་གཏོང་ཞུས་སོང།།

སྒམ་ཚིགས་ཡིད་གཏོད་ཆོག་པའི་གཤིས་ཤིག་མེད་པས།།
མི་འགྱུར་མནའ་ཚིག་བསྒག་པའི་བློ་སྟོབས་མ་རྙེད།།
ཅི་འབྱུང་སྔོན་ལས་བཙན་པོའི་བཀོད་སྒྲིག་ཡིན་ཞེས།།
ཉི་ཕུད་གཏམ་གྱི་ཡོལ་ཐབས་སྐབས་ལ་འགྲིག་སོང།།

དུང་ཤ་ལྷུག་པོར་འདར་བའི་ཚོར་ཤུགས་ཅན་གྱི།།
བརྩེ་སེམས་དྲོད་མོས་སྦྲུམས་པའི་འོ་ཞིག་གནང་ནས།།
མེ་ཏོག་བཞད་ཁ་འབྱེད་པའི་ཉི་འོད་ཐོག་མ།།
ལས་མཐུན་ཁྱོད་ལས་གཞན་ཞིག་གང་ན་མེད་ཟེར།།

འོ་སྤྲིའི་མངར་ཁ་གཞུབ་ནས་འདང་ཞིག་བརྒྱབས་དུས།།
བརྩེ་བ་ཕྱེད་དུ་སོང་བའི་བརྡ་ཞིག་རྟོགས་སོང།།
ལས་ལ་བསྐོས་པ་མེད་པ་སྔོན་ནས་ཤེས་ཡང།།
དུང་ཞེན་ཞིག་གིས་ལྷན་ཅིག་སྦྲེལ་ནས་ཚར་འདུག།

ནགས་ཚང་གཡུ་ལོ་འཚུབས་པའི་སྟོན་ལྗོངས་དེ་ནས།།
ལྷན་ཅིག་འཁྱུད་ཅིང་འཐམ་པའི་གཏམ་རྒྱུད་མོད་པོ།།
བརྩེ་བ་ངོ་མ་ཞིག་གི་རིན་ཐང་མེད་ཀྱང་།།
ཡུད་ཐུང་སེམས་ལ་བཞག་པའི་རྨ་ཞིག་ཡིན་སོང།།

ཨུ་ཚུགས་གཏམ་གྱིས་རྫུན་ལ་རྒྱབ་འདེད་གཏོང་བཞིན།།
རྫུན་གྱི་རྗེས་ལ་འགྱོད་པས་བཤག་པ་བྱེད་བཞིན།།
སེམས་པ་དམར་པོར་སྙིང་རྗེས་བྱིལ་བྱིལ་གཏོང་བཞིན།།
ཟླ་ཕྱེད་ལྷག་གི་དུས་ཚིགས་ཕྱིན་ཀྱང་ཚར་འདུག།

ཐག་རིང་གྲོགས་ཀྱིས་མྱི་ཁ་གློག་ལྟར་མྱུར་བས།།
གསང་བ་གཅིག་ལ་ལྷན་པ་སྟོང་གིས་མ་ཁོག།
ཐ་མར་སེམས་མཐུན་བུ་མོའི་སྙིང་ལ་ཕོག་གམ།།
སྡང་སེམས་ཐོག་གི་གཟུ་ལུམ་ཀླད་ལ་སྐོར་སོང།།

ལྷན་འདྲིས་དུང་བ་གསེར་གྱིས་བཟོས་ནི་མེད་ལ།།
གཏམ་རྒྱུད་སྣུམ་པོའི་རིན་ཐང་དེ་བས་མེད་ཀྱང།།
བུ་མོ་སྒྲོལ་མ་བསླུས་པའི་དུང་ཞེན་དམར་པོ།།
མི་ཚེའི་ཕྱི་དྲན་ཙམ་གྱི་ཆེད་དུ་བྲིས་སོ།།

1       སྦ་གཟེལ་ནི་སུད་སི་རྒྱལ་ཁབ་གྱི་མངའ་སྡེའམ་ཞིང་ཆེན་ཞིག་གི་མིང་ཡིན། དེར་ཡོད་བོད་རིགས་ཚང་མས་དེ་གའི་གནས་བྱེ་བྲག་པ་ཞིག་ལ་ངོས་འཛིན་སྲོལ་ཡང་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་སྒྲོལ་མའི་སླེབས་སྟངས།

2010-05-03 ཀླུ་ཚང་ཨ་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།