ཡར་ཀླུང་ནས་བོར་ཟིན་པའི་རང་ཉིད་འཚོལ་བ།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-03

ཤམ་ཆུའི་ཟེགས་མ་ལས་འཐོར་སོང་བའི།
འདབ་དྲུག་གི་ཁ་བའི་དོག་པོ་ཞིག
སྒང་གཤོང་མོད་པའི་ལམ་ཕྲན་སྐྱ་བོ་དེའི་སྣེ་མོ་ནས།
ནར་མ་གསོན་པའི་བྱིས་པ་ཞིག་གི་གོག་འགྲོས་ལྟར།
མཐོ་སྒང་གི་སྒལ་གཞུང་ནས་ཆས་འོང་དུས།
ལྷ་རི་གྱང་མཐོའི་རི་ཟོམ་ནས་བསྒྲགས་པའི།
དཔའ་སྐད་ཐེངས་ཤིག་གིས།
ཡོད་ཚད་ཁུ་སིམ་མེར་བཏང༌།

མི་རིགས་ཤིག་ལ་སེམས་དོན་ལྕི་བའི་སྒེར་སེམས་ཅན་གྱི་ལྷ་སྲས་འདི་ཚོ།
ཇག་ལ་ཆས་ཐེངས་རེར།
རི་ལུང་དང་ནགས་ཚལ་བརྒྱུད་དེ་ཤོར་སོང་བའི།
རྟ་ཕོ་ཡི་འཚེར་སྐད་ལན་འགར་སྒྲོག་དུས།
ཤར་ནུབ་ཀྱི་མཁའ་མཐའ་ནས།
ཐོས་འོང་བའི་ངུ་ངག་འདྲེས་མའི་འབུལ་བ་དེ་ཚོ།
མི་རིགས་ཤིག་གི་ལས་དབང་གྱེར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན།

ཡིག་དྲུག་གི་དབྱངས་རྟ་ལྷང་ལྷང༌།
ཆུ་ཀླུང་དང་རླུང་བུའི་གཉའ་བར་ཆིབས་ཏེ།
རི་སྒང་ནས་རི་སུལ་གང་སར་ཐོད་རྒལ་གྱིས་མཆེད་དུས།
ནམ་ཟླ་ཡི་དྲོ་གྲང་ཞིག་གི་བར་སྟོང་ནས།
སྐྱ་སོབ་སོབ་ཀྱི་བ་མོ་ཞིག་ཁ་བར་རློམ་སྟེ།
རི་ལུང་ཡོད་ཚད་ནག་ཐིབ་བེར་སོང༌།

ཁུ་བྱུག་གཉིད་སོང༌། ཁྲུང་ཁྲུང་འཕུར་སོང༌།
འབྲོང་གཡག་གི་རྭ་ཅོ་ཟིང་ངེར་ལུས་པའི་རྫ་རི་སྨུག་པོར།
ཝ་སྤྱང་གི་དྲི་ཆེན་འཐུལ་ལེར་འཕྱུར།
ད་དུང་ནག་མོག་གེར་ལུས་པའི་ཡུལ་ལྗོངས་འདི་་་་་་་་་་་་་་

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡར་ཀླུང་ནས་བོར་ཟིན་པའི་རང་ཉིད་འཚོལ་བ།

2010-05-03 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

ཤམ་ཆུའི་ཟེགས་མ་ལས་འཐོར་སོང་བའི།
འདབ་དྲུག་གི་ཁ་བའི་དོག་པོ་ཞིག
སྒང་གཤོང་མོད་པའི་ལམ་ཕྲན་སྐྱ་བོ་དེའི་སྣེ་མོ་ནས།
ནར་མ་གསོན་པའི་བྱིས་པ་ཞིག་གི་གོག་འགྲོས་ལྟར།
མཐོ་སྒང་གི་སྒལ་གཞུང་ནས་ཆས་འོང་དུས།
ལྷ་རི་གྱང་མཐོའི་རི་ཟོམ་ནས་བསྒྲགས་པའི།
དཔའ་སྐད་ཐེངས་ཤིག་གིས།
ཡོད་ཚད་ཁུ་སིམ་མེར་བཏང༌།

མི་རིགས་ཤིག་ལ་སེམས་དོན་ལྕི་བའི་སྒེར་སེམས་ཅན་གྱི་ལྷ་སྲས་འདི་ཚོ།
ཇག་ལ་ཆས་ཐེངས་རེར།
རི་ལུང་དང་ནགས་ཚལ་བརྒྱུད་དེ་ཤོར་སོང་བའི།
རྟ་ཕོ་ཡི་འཚེར་སྐད་ལན་འགར་སྒྲོག་དུས།
ཤར་ནུབ་ཀྱི་མཁའ་མཐའ་ནས།
ཐོས་འོང་བའི་ངུ་ངག་འདྲེས་མའི་འབུལ་བ་དེ་ཚོ།
མི་རིགས་ཤིག་གི་ལས་དབང་གྱེར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན།

ཡིག་དྲུག་གི་དབྱངས་རྟ་ལྷང་ལྷང༌།
ཆུ་ཀླུང་དང་རླུང་བུའི་གཉའ་བར་ཆིབས་ཏེ།
རི་སྒང་ནས་རི་སུལ་གང་སར་ཐོད་རྒལ་གྱིས་མཆེད་དུས།
ནམ་ཟླ་ཡི་དྲོ་གྲང་ཞིག་གི་བར་སྟོང་ནས།
སྐྱ་སོབ་སོབ་ཀྱི་བ་མོ་ཞིག་ཁ་བར་རློམ་སྟེ།
རི་ལུང་ཡོད་ཚད་ནག་ཐིབ་བེར་སོང༌།

ཁུ་བྱུག་གཉིད་སོང༌། ཁྲུང་ཁྲུང་འཕུར་སོང༌།
འབྲོང་གཡག་གི་རྭ་ཅོ་ཟིང་ངེར་ལུས་པའི་རྫ་རི་སྨུག་པོར།
ཝ་སྤྱང་གི་དྲི་ཆེན་འཐུལ་ལེར་འཕྱུར།
ད་དུང་ནག་མོག་གེར་ལུས་པའི་ཡུལ་ལྗོངས་འདི་་་་་་་་་་་་་་

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།