འཁོར་བ།
གནམ་ལས་ཟགས་པའི་ཆར་བའི་རྡུལ
རྐ་ལམ་དང་སྦུག་ལམ་གང་མང་བརྒྱུད་རྗེས
ང་ཡི་ལྭ་བཀྲུ་འཁོར་ལོའི་འཕལ་གར་འཕྲོད
ཨག་སྐད་དང་དགོད་སྒྲའི་ཚོགས་ལས
བསོད་ནམས་ཡལ་བཞིན་པའི་མགྲོན་པོ་དག
སྒྱུ་མའི་ཕྲེང་ལམ་སྐོར་ནས
ཇ་དཀར་འབྲུག་མའི་ནང་སླེབས
རོགས་ཆུང་ལོ དལ་མོར་གསོལ་རོགས
འཇའ་ཚོན་མ་ཡལ་པའི་ཡར་སྔོན་ནི
བརྩེ་དུང་གི་དན་རྟགས་ཁོ་ན
འཁོར་བ ཇ་ཕོར་ཕལ་བ་ཞིག
ཁྲག་དང་རྣག་གི་དོན་སྙིང
རྡུལ་ཕྲན་དག་རླུང་གི་གཟུགས་ཀྱིས
སྤྲིན་པའི་མངལ་དུ་སྦྲུམ
July 4, 2010
རྩོམ་ཁུངས། ངེད་དྲ་བ།