དུར་ཁྲོད་ཀྱི་ང་།
རླུང་བུ་ཞིག་གཡུགས་དུས
རྣམ་ཤེས་མོད་པའི་དུར་ཁྲོད་ན་ང་རང་ངུ་གིན་འདུག
ཁ་བ་ཞིག་འབབ་དུས
རུས་རྐང་མོད་པའི་དུར་ཁྲོད་ན་ང་རང་འགུལ་གྱིན་འདུག
ཉི་མ་ནི་ཉི་མ་ཡིན་པས་ང་དང་བར་ཐག་ཧ་ཅང་རིང
ཟུང་ཁྲག་ནི་ཟུང་ཁྲག་ཡིན་པས་ང་དང་བར་ཐག་ཧ་ཅང་ཉེ
བྱེའུ་ཕྲུག་ལྟར་ཉལ་བཞིན་པའི་ཁོ་བོ་ཚོ
གསོན་ཡང་རུས་རྐང་དུད་ཁྲོད་ན་རྒྱུ་ཞིང
ཤུ་ཡང་རྣམ་ཤེས་གངས་འདབས་ན་ལྷུང
དེ་བས
ང་ནི་གངས་འདབས་ཀྱི་ང་ཡིན་པས
དུར་ཁྲོད་ཀྱི་ང་ལ་རྣམ་ཤེས་མེད
ང་ནི་དུར་ཁྲོད་ཀྱི་ང་ཡིན་པས
ང་ལ་རུས་རྐང་མང་དུ་འདུག
༢༠༡༠.༥.༢༨ཉིན་ཟི་ལིང་ནས །
རྩོམ་ཁུངས། ངེད་དྲ་བ།