གློག་ཆད་རྗེས།
ཟང་ཟིང་གིས་མགོ་བོ་དུད་པའི་མི་ཚོགས།
དབེན་འཇགས་ཀྱི་རི་བོ་སྐྱོམ་མཁན་དེ་རེད།
རྐང་བ་དང་ལག་པའི་ཟིན་ས་ནས།
ལབ་བརྡོལ་དང་བྲག་ཅ་ཞིག་དབྱངས་སུ་གྱེར།
གཉིད་བདེ་མོ་ཁུགས་པའི་མི་བུ་ཚོན་པོ་དག
ཁ་སང་གི་བྲེལ་བའི་བྱ་བ་དེའི་མཇུག་ཏུ།
དེ་རིང་གྲུབ་འབྲས་ཞིག་ཡོད་པར་བསམ།
གློ་བུར་དུ་གློག་ཆད་རྗེས།
ང་ཚོ་ལ་ཅི་ཡང་མི་འདུག
ང་ཚོའི་རུམ་ཁ་ན་མེ་སྒྲོན་རྒྱུ་མེད་པས།
ཉེ་ངོགས་སུ་ནུབ་པའི་ལམ་ཆེན་དེ་ཡང་།
གློག་ཆད་རྗེས།
ད་གཟོད་འཇིགས་སྣང་ཆེན་པོ་ཞིག་རེད།
རྩོམ་ཁུངས། མ་ལྷོ་ཚགས་པར།