ནམ་མཁར་བསྲིངས་པའི་ཕྱག་ཟུང་།

བྱ་བྱེའུ་ལང་ལོང་དུ་འཕུར་བའི་བྲེལ་ཟིང་གི་སུན་སྣང་ཁྲོད་ནས
ངའི་ལག་པ་མེས་པོའི་བླ་རི་ལས་ཀྱང་མཐོན་པོར་བཏེགས
 
ཁྱོད་ཀྱི་མིག་ཟུང་གི་གསེབ་ནས་མི་ཡུལ་དུ་བབས་པའི་ཁངས་ཆར
ཨམ་གཙིགས་བསྡམས་པའི་ཨུ་ཚུགས་ཀྱི་འཕྲང་ནས
བླངས་མ་མྱོང་བའི་རྒྱང་གླུ་ལྟར    ཡང་ན་བླངས་མ་མྱོང་བའི་སྨྲེང་གླུ་ལྟར
རྨི་ལམ་ལས་ཐར་བའི་མི་བུ་ཚོའི་མགྲིན་པ་ནས་ཡང་དང་ཡང་དུ་ཁེགས
 
མིག་གིས་མཐོང་ཚད་ནི་ཁྱོད་ཀྱི་ཕྱག་ཟུང་གི་ནང་ངོས་ལས་བརྒལ་བའི་ཕྱི་ངོས་སྟེ
མིག་གིས་མཐོང་ཚད་ཅིག་ལ་མགོ་བོ་གཅུས་ཤིང་འཁྱོགས་ནས་བལྟས
ནམ་མཁའི་ཐོད་དུ་བརྐྱངས་པའི་ཕྱག་ཟུང་ནི་མེས་པོ་ཚོའི་རྨི་ལམ་ལྟ་བུའི་བཙན་རྫོང་དེ་རེད
ཡུན་རིང་ལ་བཙན་རྫོང་ནས་གཉིད་མ་ཁུགས་པའི་གྲོགས་པོའི་གྲོགས་པོ་དེ་ཚོ
མེས་པོའི་བཙན་རྫོང་གི་ཁྲོད་དུ་ཡང་བསྐྱར་སྒོམ་སྒྲུབ་བྱེད་དུ་སྤྱུགས་རོགས
 
ལོ་ཟླ་ནི་ཁྱོད་ཀྱི་བློ་གཏད་ཆོག་ས་དེ་མ་རེད   ནམ་མཁའ་ནི་ཁྱོད་ཀྱི་སེམས་པ་གླན་ཆོག་ས་དེ་མ་རེད
མཁའ་དབྱིངས་ན་ལྡིང་སྐོར་གྱི་ལས་ལ་བྲེལ་གྱིན་པའི་བྱེའུ་ཆུང་འདི་དག
ཁྱོད་ཀྱི་རེ་སྨོན་འཁུར་བའི་མི་ཡུལ་གྱི་རྒྱང་བཞུད་པའི་རྣམ་ཤེས་རྡོག་པོ་དག་དང་འདྲ
 
ནམ་མཁའི་ཐོད་ནས་ཁེངས་པའི་ཕྱག་ཟུང་གི་ནང་ངོས་ནས་མེས་པོ་ཚོ་གཡང་ལ་ལྕེབས
ཕྱི་ངོས་ནས་ཕྱི་རབས་པ་ཚོ་ཡང་བསྐྱར་སྒོམ་སྒྲུབ་ཀྱི་ལས་ལ་ཞུགས
ལས་དབང་ནི་ཁྱོད་ཀྱིས་ཡིད་ཆེས་བྱས་ཆོག་ས་དེ་མ་རེད
 
མུན་ནག་གི་ཁྲོད་ནས་ཁྱོད་ཀྱིས་ཕྱག་ཟུང་ཡར་ལ་བཏེགས་ནས་ནམ་མཁར་སེན་འབྲེད་བྱས
མིག་ཆུའི་ཀློང་ནས་ངས་མགོ་བོ་བྲང་ལ་བཞག་ནས་མེ་ལོང་ངོས་སུ་སེན་འབྲེད་བྱས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁར་བསྲིངས་པའི་ཕྱག་ཟུང་།

2010-06-28 གནའ་གྲོང་། ཀློག་གྲངས། མཆན ཡོད།

བྱ་བྱེའུ་ལང་ལོང་དུ་འཕུར་བའི་བྲེལ་ཟིང་གི་སུན་སྣང་ཁྲོད་ནས
ངའི་ལག་པ་མེས་པོའི་བླ་རི་ལས་ཀྱང་མཐོན་པོར་བཏེགས
 
ཁྱོད་ཀྱི་མིག་ཟུང་གི་གསེབ་ནས་མི་ཡུལ་དུ་བབས་པའི་ཁངས་ཆར
ཨམ་གཙིགས་བསྡམས་པའི་ཨུ་ཚུགས་ཀྱི་འཕྲང་ནས
བླངས་མ་མྱོང་བའི་རྒྱང་གླུ་ལྟར    ཡང་ན་བླངས་མ་མྱོང་བའི་སྨྲེང་གླུ་ལྟར
རྨི་ལམ་ལས་ཐར་བའི་མི་བུ་ཚོའི་མགྲིན་པ་ནས་ཡང་དང་ཡང་དུ་ཁེགས
 
མིག་གིས་མཐོང་ཚད་ནི་ཁྱོད་ཀྱི་ཕྱག་ཟུང་གི་ནང་ངོས་ལས་བརྒལ་བའི་ཕྱི་ངོས་སྟེ
མིག་གིས་མཐོང་ཚད་ཅིག་ལ་མགོ་བོ་གཅུས་ཤིང་འཁྱོགས་ནས་བལྟས
ནམ་མཁའི་ཐོད་དུ་བརྐྱངས་པའི་ཕྱག་ཟུང་ནི་མེས་པོ་ཚོའི་རྨི་ལམ་ལྟ་བུའི་བཙན་རྫོང་དེ་རེད
ཡུན་རིང་ལ་བཙན་རྫོང་ནས་གཉིད་མ་ཁུགས་པའི་གྲོགས་པོའི་གྲོགས་པོ་དེ་ཚོ
མེས་པོའི་བཙན་རྫོང་གི་ཁྲོད་དུ་ཡང་བསྐྱར་སྒོམ་སྒྲུབ་བྱེད་དུ་སྤྱུགས་རོགས
 
ལོ་ཟླ་ནི་ཁྱོད་ཀྱི་བློ་གཏད་ཆོག་ས་དེ་མ་རེད   ནམ་མཁའ་ནི་ཁྱོད་ཀྱི་སེམས་པ་གླན་ཆོག་ས་དེ་མ་རེད
མཁའ་དབྱིངས་ན་ལྡིང་སྐོར་གྱི་ལས་ལ་བྲེལ་གྱིན་པའི་བྱེའུ་ཆུང་འདི་དག
ཁྱོད་ཀྱི་རེ་སྨོན་འཁུར་བའི་མི་ཡུལ་གྱི་རྒྱང་བཞུད་པའི་རྣམ་ཤེས་རྡོག་པོ་དག་དང་འདྲ
 
ནམ་མཁའི་ཐོད་ནས་ཁེངས་པའི་ཕྱག་ཟུང་གི་ནང་ངོས་ནས་མེས་པོ་ཚོ་གཡང་ལ་ལྕེབས
ཕྱི་ངོས་ནས་ཕྱི་རབས་པ་ཚོ་ཡང་བསྐྱར་སྒོམ་སྒྲུབ་ཀྱི་ལས་ལ་ཞུགས
ལས་དབང་ནི་ཁྱོད་ཀྱིས་ཡིད་ཆེས་བྱས་ཆོག་ས་དེ་མ་རེད
 
མུན་ནག་གི་ཁྲོད་ནས་ཁྱོད་ཀྱིས་ཕྱག་ཟུང་ཡར་ལ་བཏེགས་ནས་ནམ་མཁར་སེན་འབྲེད་བྱས
མིག་ཆུའི་ཀློང་ནས་ངས་མགོ་བོ་བྲང་ལ་བཞག་ནས་མེ་ལོང་ངོས་སུ་སེན་འབྲེད་བྱས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།