ཟློས་གར་ཁྲོད་ཀྱི་ང་ཚོ།

ཚེ་བརྟན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-26

ཁྱོད་ཀྱིས་བཤད་ན
ང་ཚོས་མུ་འབྲེལ་ཟློས་གར་རིང་མོ་ཞིག་འཁྲབ་བཞིན་གདའ་ཟེར
ཟློས་གར་འདི་ལོ་རྒན་དྲུག་ཅུའི་ཨ་མ་རྒན་མོ་འདི་སྐྱེས་པ་ནས་མགོ་བརྩམས་ཤིང
བརྗོད་བྱའང་གདུང་སེམས་རིགས་ཤིག་གི་ཆག་འཇིག་ཡིན་སྐད
ང་ཚོ་ནི་སྒྱུ་རྩལ་ཁྲོད་འཚར་ལོང་བྱུང་ཞིང་སྒྱུ་རྩལ་ཁྲོད་འཚོ་བའི་
སྒྱུ་རྩལ་པ་དེ་ཡིན་ཨང
 
ཁྱོད་ཀྱིས་བཤད་ན
འདི་ནི་ཟློས་གར་རིང་མོ་ཞིག་ཡིན་ཟེར
རྒྱབ་ལྗོངས་གངས་རི་དང་རང་ཉིད་རང་ཉིད་ཀྱི་གནས་ཚང་མི་ཉན་པའི་ལོ་རྒྱུས་སྐྱོ་གར་ཞིག་འཁྲབ་ བཞིན་སྐད
 
ངའི་སྙིང་ཉེ་པའི་འཁྲབ་ཁྲིད་པ་ལགས
ཁྱོད་ནི་ཁ་སང་གི་ཁྲམ་པ་དེ་རིང་གི་སྒྱུ་མ་མཁན་དེ་ཡིན་ཨང
དུས་རབས་ཀྱི་ལྷགས་རླུང་རྒོད་པའི་ལོ་ཟླའི་ནང
ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ཀྱི་རྩེད་ཚར་དེར་ཧ་ལས་ཤིང
རང་ཉིད་ཀྱི་རྣམ་ཤེས་བོར་ཚར་ལ་ཚོར་བའང་ཉམས་ཟིན
 
ངའི་སྙིང་ཉེ་བའི་འཁྲབ་ཁྲིད་པ་ལགས
འཁྲབ་གཞུང་ལས་དངོས་ཡོད་འཚོ་པ་ཞེས་པའི་ཐ་སྙད་ཅིག་མཆིས་ན
ད་ནི་འཁྲབ་ཚན་དུ་འཇོག་རན་འདུག
 
ཉག་ཕྲ་བའི་མཛེས་སྡུག་གི་ཚེ་སྲོག་དག་གི་ཁ་དོག་ཀྱང་བསྒྱུར་འགྲོ་བས
ཁྱོད་ནི་ཇི་འདྲའི་གདུག་རྩུབ་ཀྱིས་འཚོ་ཨང
སང་ཉིན་གྱི་སང་ཉིན་ནི  ང་ཚོའི་དངོས་ཡོད་འཚོ་བ་དེ་ཨེ་ཡིན

                                    2009/11/8ཉིན་འབའ་རྫོང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟློས་གར་ཁྲོད་ཀྱི་ང་ཚོ།

2010-06-26 ཚེ་བརྟན་རྡོ་རྗེ། ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་བཤད་ན
ང་ཚོས་མུ་འབྲེལ་ཟློས་གར་རིང་མོ་ཞིག་འཁྲབ་བཞིན་གདའ་ཟེར
ཟློས་གར་འདི་ལོ་རྒན་དྲུག་ཅུའི་ཨ་མ་རྒན་མོ་འདི་སྐྱེས་པ་ནས་མགོ་བརྩམས་ཤིང
བརྗོད་བྱའང་གདུང་སེམས་རིགས་ཤིག་གི་ཆག་འཇིག་ཡིན་སྐད
ང་ཚོ་ནི་སྒྱུ་རྩལ་ཁྲོད་འཚར་ལོང་བྱུང་ཞིང་སྒྱུ་རྩལ་ཁྲོད་འཚོ་བའི་
སྒྱུ་རྩལ་པ་དེ་ཡིན་ཨང
 
ཁྱོད་ཀྱིས་བཤད་ན
འདི་ནི་ཟློས་གར་རིང་མོ་ཞིག་ཡིན་ཟེར
རྒྱབ་ལྗོངས་གངས་རི་དང་རང་ཉིད་རང་ཉིད་ཀྱི་གནས་ཚང་མི་ཉན་པའི་ལོ་རྒྱུས་སྐྱོ་གར་ཞིག་འཁྲབ་ བཞིན་སྐད
 
ངའི་སྙིང་ཉེ་པའི་འཁྲབ་ཁྲིད་པ་ལགས
ཁྱོད་ནི་ཁ་སང་གི་ཁྲམ་པ་དེ་རིང་གི་སྒྱུ་མ་མཁན་དེ་ཡིན་ཨང
དུས་རབས་ཀྱི་ལྷགས་རླུང་རྒོད་པའི་ལོ་ཟླའི་ནང
ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ཀྱི་རྩེད་ཚར་དེར་ཧ་ལས་ཤིང
རང་ཉིད་ཀྱི་རྣམ་ཤེས་བོར་ཚར་ལ་ཚོར་བའང་ཉམས་ཟིན
 
ངའི་སྙིང་ཉེ་བའི་འཁྲབ་ཁྲིད་པ་ལགས
འཁྲབ་གཞུང་ལས་དངོས་ཡོད་འཚོ་པ་ཞེས་པའི་ཐ་སྙད་ཅིག་མཆིས་ན
ད་ནི་འཁྲབ་ཚན་དུ་འཇོག་རན་འདུག
 
ཉག་ཕྲ་བའི་མཛེས་སྡུག་གི་ཚེ་སྲོག་དག་གི་ཁ་དོག་ཀྱང་བསྒྱུར་འགྲོ་བས
ཁྱོད་ནི་ཇི་འདྲའི་གདུག་རྩུབ་ཀྱིས་འཚོ་ཨང
སང་ཉིན་གྱི་སང་ཉིན་ནི  ང་ཚོའི་དངོས་ཡོད་འཚོ་བ་དེ་ཨེ་ཡིན

                                    2009/11/8ཉིན་འབའ་རྫོང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།