དུས་ཚོད།

མེ་ཏོག་གི་ཡུ་བ་རུལ་བའི་རྡུལ་ཕྲན་གྱི་མཚོ་མོ
ང་ཡི་རྐང་འོག་ནས་སིལ་སྒྲ་གྲགས་པའི་རོལ་མོ
མཚོ་མོ་ནི་སྡུག་བསྔལ་གྱི་ཕ་རོལ་མི་མཐོང་བའི་ཡོལ་བ
རོལ་མོ་ནི་ཁྱོད་ཀྱི་སེམས་པ་སྨྱོ་བར་བྱེད་པའི་ཨ་ལོང་དགུ་ཁྲ་མ
གསེར་གྱི་རིན་ཐང       ཁུ་བའི་རིན་ཐང
རྒྱ་མ་ནི་འཇལ་ཆས་དྲང་མོ་ཞིག་ཡིན་རྒྱུ་ན
ཕྱི་དྲོ་དེར་བུ་མོ་ཞིག་ངུས་པའི་མིག་ཆུ་གངས་རི་ཡིན་ནམ
སྔ་དྲོ་དེར་བྱ་ཕོ་ཞིག་འཕུར་བའི་གཤོག་རླབས་ཉི་འོད་ཡིན་ནམ

རྨི་ལམ་རྨི་སྲིད
རྨི་ལམ་ཡང་ཡང་རྨི་སྲིད
དུས་ཚོད་ཀྱི་ཐག་པ་ཡང་ཆད་སྲིད
ལང་ཚོའི་མཛེས་སྡུག་ཀྱང་ཉམས་སྲིད
ཐ་ན་ང་ཡང་རྒས་ནས་ཁྱོད་ཀྱང་འགྱོད་སྲིད
འོན་ཀྱང    ཤོག་བུའི་སྒམ་ཆུང་དེ་དག་གི་ནང་དུ་སྤས་པ་ནི
མེ་ཏོག་ཡིན་ནམ    ང་ཡི་རྐང་ཤུབས་ཡིན་ནམ
མཚོ་མོ་ཡིན་ནམ    རོལ་མོ་ཡིན་ནམ
གང་ཡང་ཡིན་སྲིད་དམ     གང་ཡང་མིན་སྲིད་དམ
                     སྤྱི་ལོ༢༠༡༠ལོའི་ཟླ༢བའི་ཚེས༧གྱི་མཚན་མོར་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད།

2010-06-19 དུག་ཞགས། ཀློག་གྲངས། མཆན ཡོད།

མེ་ཏོག་གི་ཡུ་བ་རུལ་བའི་རྡུལ་ཕྲན་གྱི་མཚོ་མོ
ང་ཡི་རྐང་འོག་ནས་སིལ་སྒྲ་གྲགས་པའི་རོལ་མོ
མཚོ་མོ་ནི་སྡུག་བསྔལ་གྱི་ཕ་རོལ་མི་མཐོང་བའི་ཡོལ་བ
རོལ་མོ་ནི་ཁྱོད་ཀྱི་སེམས་པ་སྨྱོ་བར་བྱེད་པའི་ཨ་ལོང་དགུ་ཁྲ་མ
གསེར་གྱི་རིན་ཐང       ཁུ་བའི་རིན་ཐང
རྒྱ་མ་ནི་འཇལ་ཆས་དྲང་མོ་ཞིག་ཡིན་རྒྱུ་ན
ཕྱི་དྲོ་དེར་བུ་མོ་ཞིག་ངུས་པའི་མིག་ཆུ་གངས་རི་ཡིན་ནམ
སྔ་དྲོ་དེར་བྱ་ཕོ་ཞིག་འཕུར་བའི་གཤོག་རླབས་ཉི་འོད་ཡིན་ནམ

རྨི་ལམ་རྨི་སྲིད
རྨི་ལམ་ཡང་ཡང་རྨི་སྲིད
དུས་ཚོད་ཀྱི་ཐག་པ་ཡང་ཆད་སྲིད
ལང་ཚོའི་མཛེས་སྡུག་ཀྱང་ཉམས་སྲིད
ཐ་ན་ང་ཡང་རྒས་ནས་ཁྱོད་ཀྱང་འགྱོད་སྲིད
འོན་ཀྱང    ཤོག་བུའི་སྒམ་ཆུང་དེ་དག་གི་ནང་དུ་སྤས་པ་ནི
མེ་ཏོག་ཡིན་ནམ    ང་ཡི་རྐང་ཤུབས་ཡིན་ནམ
མཚོ་མོ་ཡིན་ནམ    རོལ་མོ་ཡིན་ནམ
གང་ཡང་ཡིན་སྲིད་དམ     གང་ཡང་མིན་སྲིད་དམ
                     སྤྱི་ལོ༢༠༡༠ལོའི་ཟླ༢བའི་ཚེས༧གྱི་མཚན་མོར་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།