ང་ལ་རང་ཉིད་ལ་དབང་བའི་འཚོ་བ་ཞིག་དགོས།
རྡོ་སོལ་དམྱལ་མ་དགོས་ལ
ལྕགས་ཐབ་སུན་སྤྱད་དེ་ཡང་དགོས
ད་དུང་རྨི་ལམ་དང་འདོད་ཆགས་ལ་རོལ་སའི་མལ་ཁྲི་ཞིག
ཁོམ་ལོང་རེ་ཡོད་དུས
དཔེ་ཆ་ཞེས་པའི་ཀླད་འབུ་སྒུལ་བྱེད་དེ་མཁོ་ལ
ཤོག་བུ་དང་སྣག་ཚ་ཡང་མཁོ
སུན་སྣང་གིས་དེད་དུས
མེ་ཏོག་ཐང་གི་དབྱར་གཞུང་ལྟ་བུ་དང
སེམས་པ་རང་དབང་དུ་ཤོར་འགྲོ་བའི་མཛེས་པ་དེ་དག
འདི་ནི་འཚོ་བ་ཡིན་ནམ
འདི་ནི་ང་ལ་དབང་བ་ཡིན་ནམ
ད་དུང་ལྷག་ཏུ་མཁོ་བ་ནི་དུས་ཚོད་ལྷག་མ་དང
བདག་གིས་འཇིག་རྟེན་ལ་རོལ་བའི་ཁྱོད་ཀྱི་བཙན་དབང་མ་ཡིན་པ་དེ་དག
ཝུ་ཆང་གིས་བཟི་བའི་ཚོར་སྣང་གསོན་པོ
དུ་བའི་དྲི་མ་འཐུལ་བའི་མགོ་ཡུ་འཁོར་སྟངས
འདི་དག་ང་ལ་དབང་བའི་འཚོ་བ་ལ་བགྲང་ཆོག
སྤྱི་ལོ༢༠༡༠ལོའི་ཟླ༡བའི་ཚེས༣༡ཉིན་དཔྱིའི་མེ་ཏོག་ཐང་ནས།
རྩོམ་ཁུངས། ངེད་དྲ་བ།