སེམས་གཅོང་།
སྐྱོ་ཞིང་སྡུག་པའི་ཉི་མ་དེ
རྡོག་ཐོ་ཞིག་གཞུས་དེ་ནུབ་ཕྱོགས་སུ་བརྫངས་ན
ང་ལ་ཐོབ་རྒྱུ་ཞིག་ཡོད་དམ
བར་སྣང་གི་བྱིའུ་མ་དེ
མིག་བརྡ་ཞིག་བསྟན་དེ་མཆུ་སྦྱོར་ལ་བྲེལ་ན
བྱིའུ་ཆུང་ཆུང་ཞིག་འཇོག་ཐུབ་བམ
ས་དོག་མོའི་འགྲམ་པ་དེ
བྱིལ་བྱིལ་ཞིག་བྱས་ཏེ་འཛུམ་ཆུང་ཞིག་བསྟན་ན
ང་ལ་དྲོད་སྐྱིད་ཅིག་སྟེར་རམ
རྩོམ་ཁུངས། ངེད་དྲ་བ།