དུང་ཞེན་གྱིས་དབང་གིས།
ཆུ་ཁོལ་གྱེན་ལ་འཕྱོ་བའི
རླངས་པ་སྟུག་པོ་དེའི་རྒྱབ་ལྗོངས་ན
རང་གི་དགའ་མ་ལྟ་བུའི་མཛེས་མ་ཞིག་གི་ངོ་གདོང
ཡུན་གྱིས་འཕགས་བྱུང
ནམ་མཁའ་ན་འཕུར་བའི་སྤྲིན་དཀར་ལྗང་ཁུ་དེས
ས་གཞི་ལ་ཁ་དོག་གཞན་ཞིག་བསྣན་པ་དེ
ལུས་སེམས་ན་ཉར་བའི་བརྩེ་དུང་གི་ས་བོན་དེ
ཡུན་གྱིས་འབུས་བ་མ་ཡིན་ནམ
ང་ཡང་དུངས་ཞེན་གྱིས
ལོ་འགའི་དབྱར་གཞུང་ལ་ཁྲིད
རྩོམ་ཁུངས། ངེད་དྲ་བ།