སེམས་ཀྱི་ན་ཟུག

སེམས་ཀྱི་རྟ་ཕོ་མཛེས་བའི་རྩྭ་ཐང་ནས་ཆས་ཏེ།།

ཁེངས་བའི་མགོ་བོ་ལན་གསུམ་བར་སྣང་ལ་འདེགས་ཞོར།།

ཁ་བའི་རི་ལ་རྒྱང་བལྟའི་མཚེར་སྐད་ཅིག་བཏང་བས།།

ཕྱོགས་སུ་གྱེས་བའི་རི་ཀླུང་དངངས་འདར་ཅིག་རྒྱབ་བྱུང་།།

དེང་སྐབས་འཛམ་གླིང་འཛིན་མའི་ཁྱོན་ཀུན་དུ།།

སྲིད་འབྱོར་རིག་གསུམ་དར་བའི་འགྲོས་དང་བསྟུན།།

བོད་ཀྱི་བྱ་ལས་ཀུན་ཀྱང་སྔར་སོང་ལས།།

གནམ་ས་བླ་འོག་བརྗེ་འདྲའི་གོང་འཕེལ་མྱུར།།

ཀུན་ཀྱང་དགའ་བའི་ཞལ་ལ་འཛུམ་གྱིས་བརྟས།།

འོན་ཀྱང་མི་རིགས་རང་གི་སྐད་ཡིག་དང་།།

གོམས་སྲོལ་རྨང་ནས་ཉམས་པའི་སྣང་ཚུལ་འདི།།

ཁ་སང་དེ་རིང་གླེང་བའི་དགོས་པ་ཆེ།།

མི་རིགས་སྲུང་བྱེད་སྐད་དང་ཡི་གེ་སྟེ།།

དེ་གཉིས་ཉམས་ན་མི་རིགས་ཉམས་པ་ཡིན།།

མི་རིགས་ཉམས་ན་འཛམ་གླིང་རིག་གནས་ཁྲོད།།

གནོད་པ་ཚབས་ཆེན་ཐེབས་པ་སྨྲས་མེད་ཉིད།།

དེང་སྐབས་སྐད་བརྡ་རིག་པ་སྨྲ་བ་ཡིས།།

སྐད་རིགས་ཉམས་པའི་མྱུར་ཚད་མགྱོགས་པོར་སྨྲ།།

གནའ་ནས་ད་བར་སྐད་རིགས་སྟོང་ཕྲག་ལས།།

ཉམས་ཏེ་ཤུལ་མེད་སོང་བ་ཇེ་མང་རེད།།

མན་ཇུ་ཐུའུ་ཅ་ཧྲེ་དང་མི་ཉག་སོགས།།

མི་རིགས་འདིའི་མཚོན་སྐད་དང་གོམས་སྲོལ་རྣམས།།

ལ་ལ་ཉམས་ཤིང་མང་པོར་ཉེན་ཁར་གནས།།

ལོ་རྒྱུས་ལས་བྱུང་གྱོང་གུད་འདི་དག་ནི།།

ཀུན་གྱིས་དོ་སྣང་མེད་པའི་མཇུག་འབྲས་རེད།།

མེས་རྒྱལ་རིག་གནས་གླིང་གའི་མཛེས་སྡུག་ཁྲོད༌།།

མཚར་སྡུག་མདངས་ཤིག་རྙིད་པའི་མངོན་སུམ་དེ།།

ད་ལྟ་བོད་པའི་ཐོག་ལ་འབབ་ཉེན་ཡོད།།

མཁྲེགས་པོའི་སེམས་ནང་བློ་རིག་སྒྲིམས་ན་ལེགས།།

རང་རེའི་སྐད་ཡིག་རང་གིས་མི་སློབ་པ།།

རང་སྐད་སློབ་འདོད་སེམས་ནང་མི་སྐྱེས་པ།།

དེ་འདྲའི་བོད་པའི་ཁ་གྲངས་མང་བ་འདི།།

སྐད་རིག་ཉམས་དམས་འགྲོ་བའི་གཞི་རྩ་རེད།།

རང་གི་གནས་ན་རང་སྐད་མི་སྤྱོད་པའི།།

ལྟ་ཚུལ་མཁྲེགས་བཟུང་བྱེད་པའི་ངན་སྤྱོད་དང་།།

རྒྱ་སྐད་རབ་དང་མཆོག་ཏུ་ལྟ་བ་དང་།།

བོད་སྐད་དམན་དང་ངོ་ཚའི་གནས་སུ་ལྟ།།

བོད་ཡིག་བསླབ་ན་མདུན་ལམ་མེད་པ་དང་།།

བླ་མའི་ཡི་གེ་ཡིན་ཞེས་གང་འདོད་སྨྲ།།

བོད་ལ་འདི་ལྟའི་བོད་ཡིག་མེད་པ་ན།།

མན་ཇུའི་རྣམ་ཐར་སྐྱོང་བར་ཐེ་ཚོམ་ཅི།།

འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཀུན་དུ།།

རིག་གནས་རྩ་འགངས་ཆེ་བའི་གྲས་ཤིག་ན།།

ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཡིག་འདི།།

སློབ་བདེ་ཁྱབ་རྒྱ་མིང་ཚིག་འདང་ཚད་དང་།།

དོན་ཏན་སྟོན་པ་ཕལ་སྐད་མཐུན་ཆེ་སོགས།།

སྔོན་ཐོན་ཡི་གེའི་ཁྱད་ཆོས་མ་ཚང་མེད།།

དེ་ལྟའི་རིག་གནས་སྐད་དང་བཅས་བ་འདི།།

རང་ལ་ཡོད་བཞིན་ནོར་ངོ་མ་ཆོད་པར།།

ཉམས་རྒུད་འགྲོར་བཅུག་སེམས་ཀྱི་རྨ་ཁ་འདི།།

རྗེས་སོར་སྨན་བརྒྱ་འཐུང་ཡང་སོས་ཐབས་དཀའ།།

ལ་ལས་རང་དོན་འགའ་ཞིག་ཡིད་བརྣགས་ཏེ།།

བོད་རིགས་སྤྱི་ཡི་ཁེ་ཕན་མི་ལྟ་བར་།།

མི་རིགས་ཞབས་འདྲེན་བྱེད་པའི་སྣང་ཚུལ་འདིར།།

གཟབ་ནན་བསམ་བློ་ཞིབ་མོ་གཏོང་དགོས་སྙམ།།

བོད་ཀྱི་ཐུན་མིན་སྐད་ཡིག་རླབས་པོ་ཆེ།།

རིམ་བཞིན་གངས་ཞི་ཆུ་ལ་ཐིམ་པ་ལྟར།།

ཉམས་དམས་འགྲོ་བའི་སྣང་ཚུལ་འདི་བསམས་ན།།

དངོས་གནས་བོད་རིགས་ཉེན་ཁ་ཆེན་པོ་རེད།།

བོད་ཀྱི་རིག་གནས་རྩ་བ་བོད་སྐད་རེད།།

འདིའི་སྟེང་བཅུ་ཕྲག་རིག་པའི་གནས་འདི་དར།།

འདིའི་ཆེད་སྔོན་བྱོན་མཁས་པའི་དབང་བོ་དང་།།

སྐད་གཉིས་སྨྲ་བས་རང་སྲོག་གནས་འདིར་བོར།།

ད་ལྟ་ང་ཚོའི་དུས་སུ་སླེབས་པ་ན།།

ཉམས་པ་སོར་ཆུད་གནས་པ་གོང་འཕེལ་དུ།།

གཏོང་བའི་སེམས་ཀྱི་སྤོབས་པ་མེད་ཀྱང་རུང་།།

མི་རིགས་རྐང་འདྲེན་ཞིག་ཏུ་འགྱུར་མི་རུང་།།

བོད་ཡུལ་ཆོལ་ཁ་གསུམ་གྱི་ས་རྒྱ་ཆེ།།

རི་ཀླུང་རྫ་ཐོར་མི་རིགས་གྲངས་ཀ་ཉུང་།།

འགྲིམ་འགྲུལ་མི་ལེགས་སོ་སོའི་ཁ་ཐག་རིང་།།

བོད་ཀྱི་སྐད་ཆ་བོད་ན་གོ་བ་ཉུང་།།

ད་ལྟ་བོད་ཡུལ་ས་ཆ་མང་ཤོས་ན།།

བོད་ཡིག་སྙན་ཞུ་བྲིས་ན་མི་གོ་ཞིང༌།།

བོད་སྐད་ལབ་གླེང་བྱས་ན་མི་ཉན་པ།།

བོད་ཀྱི་གོམས་སྲོལ་སྐྱོང་བར་མི་འཐད་པའི།།

གཏེ་བོ་བོད་ཀྱི་མགོ་བ་ལ་ལ་རེད།།

ཏིན་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་།།

ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་དགོངས་དང་།།

ཧུའུ་ཅིན་ཐའོ་ཡིས་ཏང་གི་སྲིད་ཇུས་ན།།

སྐད་རིགས་འདྲ་མཉམ་ཁེ་དབང་ཡོངས་ལ་སྦྱིན།།

.ཉི་མ་ལྟ་བུའི་སྲིད་ཇུས་ཡོད་བཞིན་དུ།།

དངོས་ཐོག་བདེན་འཚོལ་རྩ་ཁྲིམས་མི་བརྩི་ན།།

རང་སྐྱོང་སྲིད་ཇུས་མི་རིགས་མཉམ་གནས་སོགས།།

ཏང་གི་སྲིད་ཇུས་བརླག་པའི་ཉེས་བ་ཆེ།།

བོད་ཀྱི་རིགས་ལ་སྐྱེས་པའི་རིན་ཐང་དེ།།

ཚོད་འཛིན་ཡོད་པའི་ཚེ་སྲོག་གོ་རིམ་ཁྲོད།།

ཚོད་འཛིན་མེད་པའི་བོད་མའི་བླ་སྲོག་སྟེ།།

སྐད་ཡིག་བཀོལ་སྤྱོད་ལག་ལེན་ཁྲོད་ན་ཡོད།།

ཨ་རོ་མཐོ་སྙེགས་བོད་ཀྱི་སྐུ་རབས་པ།།

རང་ཉིད་འཚོ་སྡོད་ཁོར་ཡུག་ཆུང་མ་བསམ།།

ཁྱེད་ཉིད་བོད་ཡིན་བོད་ལ་མི་གཅེས་ན།།

གཞན་བརྟེན་སྲིན་འབུའི་གནས་ན་སྐྱིད་རབས་མེད།།

པན་ཆེན་སྣང་བ་མཐའ་ཡས་གསུང་ཞིག་ན།།

ཆབ་མདོར་ཕེབས་པའི་སྣང་ཚུལ་ངོ་མ་ཞིག།

ང་ཚོར་ཉེན་བརྡའི་ཚུལ་དུ་ལུང་བསྟན་ཡོད།།

དེ་ལ་བསམ་ཚེ་ཚང་མས་ཤེས་གསལ་རེད།།

བོད་མི་ཡིན་བཞིན་བོད་སྐད་མི་བཤད་ལ།།

བཤད་ན་ངོ་ཚའི་གནས་སུ་བརྩི་བ་འདི།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ན་ཟུག

2010-05-31 ཤ་བོ་བྱམས། ཀློག་གྲངས། མཆན ཡོད།

སེམས་ཀྱི་རྟ་ཕོ་མཛེས་བའི་རྩྭ་ཐང་ནས་ཆས་ཏེ།།

ཁེངས་བའི་མགོ་བོ་ལན་གསུམ་བར་སྣང་ལ་འདེགས་ཞོར།།

ཁ་བའི་རི་ལ་རྒྱང་བལྟའི་མཚེར་སྐད་ཅིག་བཏང་བས།།

ཕྱོགས་སུ་གྱེས་བའི་རི་ཀླུང་དངངས་འདར་ཅིག་རྒྱབ་བྱུང་།།

དེང་སྐབས་འཛམ་གླིང་འཛིན་མའི་ཁྱོན་ཀུན་དུ།།

སྲིད་འབྱོར་རིག་གསུམ་དར་བའི་འགྲོས་དང་བསྟུན།།

བོད་ཀྱི་བྱ་ལས་ཀུན་ཀྱང་སྔར་སོང་ལས།།

གནམ་ས་བླ་འོག་བརྗེ་འདྲའི་གོང་འཕེལ་མྱུར།།

ཀུན་ཀྱང་དགའ་བའི་ཞལ་ལ་འཛུམ་གྱིས་བརྟས།།

འོན་ཀྱང་མི་རིགས་རང་གི་སྐད་ཡིག་དང་།།

གོམས་སྲོལ་རྨང་ནས་ཉམས་པའི་སྣང་ཚུལ་འདི།།

ཁ་སང་དེ་རིང་གླེང་བའི་དགོས་པ་ཆེ།།

མི་རིགས་སྲུང་བྱེད་སྐད་དང་ཡི་གེ་སྟེ།།

དེ་གཉིས་ཉམས་ན་མི་རིགས་ཉམས་པ་ཡིན།།

མི་རིགས་ཉམས་ན་འཛམ་གླིང་རིག་གནས་ཁྲོད།།

གནོད་པ་ཚབས་ཆེན་ཐེབས་པ་སྨྲས་མེད་ཉིད།།

དེང་སྐབས་སྐད་བརྡ་རིག་པ་སྨྲ་བ་ཡིས།།

སྐད་རིགས་ཉམས་པའི་མྱུར་ཚད་མགྱོགས་པོར་སྨྲ།།

གནའ་ནས་ད་བར་སྐད་རིགས་སྟོང་ཕྲག་ལས།།

ཉམས་ཏེ་ཤུལ་མེད་སོང་བ་ཇེ་མང་རེད།།

མན་ཇུ་ཐུའུ་ཅ་ཧྲེ་དང་མི་ཉག་སོགས།།

མི་རིགས་འདིའི་མཚོན་སྐད་དང་གོམས་སྲོལ་རྣམས།།

ལ་ལ་ཉམས་ཤིང་མང་པོར་ཉེན་ཁར་གནས།།

ལོ་རྒྱུས་ལས་བྱུང་གྱོང་གུད་འདི་དག་ནི།།

ཀུན་གྱིས་དོ་སྣང་མེད་པའི་མཇུག་འབྲས་རེད།།

མེས་རྒྱལ་རིག་གནས་གླིང་གའི་མཛེས་སྡུག་ཁྲོད༌།།

མཚར་སྡུག་མདངས་ཤིག་རྙིད་པའི་མངོན་སུམ་དེ།།

ད་ལྟ་བོད་པའི་ཐོག་ལ་འབབ་ཉེན་ཡོད།།

མཁྲེགས་པོའི་སེམས་ནང་བློ་རིག་སྒྲིམས་ན་ལེགས།།

རང་རེའི་སྐད་ཡིག་རང་གིས་མི་སློབ་པ།།

རང་སྐད་སློབ་འདོད་སེམས་ནང་མི་སྐྱེས་པ།།

དེ་འདྲའི་བོད་པའི་ཁ་གྲངས་མང་བ་འདི།།

སྐད་རིག་ཉམས་དམས་འགྲོ་བའི་གཞི་རྩ་རེད།།

རང་གི་གནས་ན་རང་སྐད་མི་སྤྱོད་པའི།།

ལྟ་ཚུལ་མཁྲེགས་བཟུང་བྱེད་པའི་ངན་སྤྱོད་དང་།།

རྒྱ་སྐད་རབ་དང་མཆོག་ཏུ་ལྟ་བ་དང་།།

བོད་སྐད་དམན་དང་ངོ་ཚའི་གནས་སུ་ལྟ།།

བོད་ཡིག་བསླབ་ན་མདུན་ལམ་མེད་པ་དང་།།

བླ་མའི་ཡི་གེ་ཡིན་ཞེས་གང་འདོད་སྨྲ།།

བོད་ལ་འདི་ལྟའི་བོད་ཡིག་མེད་པ་ན།།

མན་ཇུའི་རྣམ་ཐར་སྐྱོང་བར་ཐེ་ཚོམ་ཅི།།

འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཀུན་དུ།།

རིག་གནས་རྩ་འགངས་ཆེ་བའི་གྲས་ཤིག་ན།།

ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཡིག་འདི།།

སློབ་བདེ་ཁྱབ་རྒྱ་མིང་ཚིག་འདང་ཚད་དང་།།

དོན་ཏན་སྟོན་པ་ཕལ་སྐད་མཐུན་ཆེ་སོགས།།

སྔོན་ཐོན་ཡི་གེའི་ཁྱད་ཆོས་མ་ཚང་མེད།།

དེ་ལྟའི་རིག་གནས་སྐད་དང་བཅས་བ་འདི།།

རང་ལ་ཡོད་བཞིན་ནོར་ངོ་མ་ཆོད་པར།།

ཉམས་རྒུད་འགྲོར་བཅུག་སེམས་ཀྱི་རྨ་ཁ་འདི།།

རྗེས་སོར་སྨན་བརྒྱ་འཐུང་ཡང་སོས་ཐབས་དཀའ།།

ལ་ལས་རང་དོན་འགའ་ཞིག་ཡིད་བརྣགས་ཏེ།།

བོད་རིགས་སྤྱི་ཡི་ཁེ་ཕན་མི་ལྟ་བར་།།

མི་རིགས་ཞབས་འདྲེན་བྱེད་པའི་སྣང་ཚུལ་འདིར།།

གཟབ་ནན་བསམ་བློ་ཞིབ་མོ་གཏོང་དགོས་སྙམ།།

བོད་ཀྱི་ཐུན་མིན་སྐད་ཡིག་རླབས་པོ་ཆེ།།

རིམ་བཞིན་གངས་ཞི་ཆུ་ལ་ཐིམ་པ་ལྟར།།

ཉམས་དམས་འགྲོ་བའི་སྣང་ཚུལ་འདི་བསམས་ན།།

དངོས་གནས་བོད་རིགས་ཉེན་ཁ་ཆེན་པོ་རེད།།

བོད་ཀྱི་རིག་གནས་རྩ་བ་བོད་སྐད་རེད།།

འདིའི་སྟེང་བཅུ་ཕྲག་རིག་པའི་གནས་འདི་དར།།

འདིའི་ཆེད་སྔོན་བྱོན་མཁས་པའི་དབང་བོ་དང་།།

སྐད་གཉིས་སྨྲ་བས་རང་སྲོག་གནས་འདིར་བོར།།

ད་ལྟ་ང་ཚོའི་དུས་སུ་སླེབས་པ་ན།།

ཉམས་པ་སོར་ཆུད་གནས་པ་གོང་འཕེལ་དུ།།

གཏོང་བའི་སེམས་ཀྱི་སྤོབས་པ་མེད་ཀྱང་རུང་།།

མི་རིགས་རྐང་འདྲེན་ཞིག་ཏུ་འགྱུར་མི་རུང་།།

བོད་ཡུལ་ཆོལ་ཁ་གསུམ་གྱི་ས་རྒྱ་ཆེ།།

རི་ཀླུང་རྫ་ཐོར་མི་རིགས་གྲངས་ཀ་ཉུང་།།

འགྲིམ་འགྲུལ་མི་ལེགས་སོ་སོའི་ཁ་ཐག་རིང་།།

བོད་ཀྱི་སྐད་ཆ་བོད་ན་གོ་བ་ཉུང་།།

ད་ལྟ་བོད་ཡུལ་ས་ཆ་མང་ཤོས་ན།།

བོད་ཡིག་སྙན་ཞུ་བྲིས་ན་མི་གོ་ཞིང༌།།

བོད་སྐད་ལབ་གླེང་བྱས་ན་མི་ཉན་པ།།

བོད་ཀྱི་གོམས་སྲོལ་སྐྱོང་བར་མི་འཐད་པའི།།

གཏེ་བོ་བོད་ཀྱི་མགོ་བ་ལ་ལ་རེད།།

ཏིན་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་།།

ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་དགོངས་དང་།།

ཧུའུ་ཅིན་ཐའོ་ཡིས་ཏང་གི་སྲིད་ཇུས་ན།།

སྐད་རིགས་འདྲ་མཉམ་ཁེ་དབང་ཡོངས་ལ་སྦྱིན།།

.ཉི་མ་ལྟ་བུའི་སྲིད་ཇུས་ཡོད་བཞིན་དུ།།

དངོས་ཐོག་བདེན་འཚོལ་རྩ་ཁྲིམས་མི་བརྩི་ན།།

རང་སྐྱོང་སྲིད་ཇུས་མི་རིགས་མཉམ་གནས་སོགས།།

ཏང་གི་སྲིད་ཇུས་བརླག་པའི་ཉེས་བ་ཆེ།།

བོད་ཀྱི་རིགས་ལ་སྐྱེས་པའི་རིན་ཐང་དེ།།

ཚོད་འཛིན་ཡོད་པའི་ཚེ་སྲོག་གོ་རིམ་ཁྲོད།།

ཚོད་འཛིན་མེད་པའི་བོད་མའི་བླ་སྲོག་སྟེ།།

སྐད་ཡིག་བཀོལ་སྤྱོད་ལག་ལེན་ཁྲོད་ན་ཡོད།།

ཨ་རོ་མཐོ་སྙེགས་བོད་ཀྱི་སྐུ་རབས་པ།།

རང་ཉིད་འཚོ་སྡོད་ཁོར་ཡུག་ཆུང་མ་བསམ།།

ཁྱེད་ཉིད་བོད་ཡིན་བོད་ལ་མི་གཅེས་ན།།

གཞན་བརྟེན་སྲིན་འབུའི་གནས་ན་སྐྱིད་རབས་མེད།།

པན་ཆེན་སྣང་བ་མཐའ་ཡས་གསུང་ཞིག་ན།།

ཆབ་མདོར་ཕེབས་པའི་སྣང་ཚུལ་ངོ་མ་ཞིག།

ང་ཚོར་ཉེན་བརྡའི་ཚུལ་དུ་ལུང་བསྟན་ཡོད།།

དེ་ལ་བསམ་ཚེ་ཚང་མས་ཤེས་གསལ་རེད།།

བོད་མི་ཡིན་བཞིན་བོད་སྐད་མི་བཤད་ལ།།

བཤད་ན་ངོ་ཚའི་གནས་སུ་བརྩི་བ་འདི།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།