རྗེས་སུ……

རྗེས་སུ    ཁྱོད་གཞི་ནས་ནར་སོན་བྱུང
རྗེས་སུ   ཁྱོད་ཀྱིས་མགོ་བོ་དགྱེ་ནས་མདུན་ཕྱོགས་སུ་བལྟས་ཙ་ན
སྒོ་མོ་དང་སྒེའུ་ཁུང་གང་ཡང་མེད་པའི་མཁར་གྱང་མང་པོ་ཞིག་
ཁྱོད་ཀྱི་མིག་མདུན་ན་ང་རྒྱལ་གྱིས་འགྱིང་ཡོད་པ་གསལ་བོར་མཐོང་འོང་ཞིང་
ཁྱོད་ཀྱིས་ཐོ་བ་ལྗིད་མོ་ཞིག་སྤྱད་ནས་
མཁར་གྱང་མཐོན་པོ་རེ་རེ་ཤུགས་ཀྱིས་བཤིག་ནའང་
ཁྱོད་ཀྱི་མིག་མདུན་ལ    མཁར་གྱང་རེ་རེ
སླར་ཡང་ང་རྒྱལ་གྱིས་འགྱིང་འོང་བས
ཁྱོད་ཀྱིས་     ཁྱོད་ཁོ་ན   
སྡོམ་རྒྱ་ཡི་དཀྱིལ་དབུས་ན་འཕག་འཚག་བྱེད་བཞིན་པའི་
ཁེར་རྐྱང་གི་ཕྱེ་ལེབ་ཁྲ་ཁྲ་ཞིག་ཡིན་པ
གསར་བོར་རྟོགས་སོང

རྗེས་སུ    སྨག་ཤིན་ཏུ་ནག་པའི་མཚན་མོ་ཞིག་ལ་
ཨ་ཐང་ཆད་པའི་ཁྱོད་ཀྱིས   
ལྷ་མོ་ལྟ་བུའི་བུད་མེད་ཞིག་གིས
མུན་ནག་གི་ཀློང་ན    ཁྱོད་རང་འབོད་བཞིན་པ་གསལ་ལེར་ཐོས་འོང
ཁྱོད་ཀྱིས་མགོ་བོ་དགྱེ་ནས་ཨ་ལན་བྱིན་པ་ན
བུད་མེད་དེས    “ངས་ཁྱོད་ལ་མཁར་གྱང་བཤིག་རོགས་བྱས་ཆོག”ཟེར
རྗེས་སུ     བུད་མེད་དེ
ཁྱོད་ཀྱི་ཆུང་མར་གྱུར་སོང

མི་ལོ་ཁ་ཤས་ཀྱི་རྗེས་སུ     ལྷ་མོ་ལྟ་བུའི་བུད་མེད་དེས
ཁྱོད་ལ་ལག་རོགས་ལྟ་བུའི་བུ་ཆུང་སྙིང་རྗེ་བོ་ཞིག་བསྐྱུར་རྗེས
ཁྱོད་ཀྱི་དྲིན་ཆེན་ཕ་མ་གཉིས་དང་འདྲ་བར
ཐག་རིང་ཐག་རིང་ཞིག་ལ་བཞུད་སོང་བས
ཉིན་མོ་རེ་རེར
ཁྱོད་ཀྱིས་མིག་གིས་ཁྱོད་ལ་ཅེར་ནས་བསྡད་ཡོད་པའི་བུ་ཆུང་དེ་ལ་
བརྩོན་པ་ཡོད་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་ཚུལ་ལབ་ཅིང་
མཚན་མོ་རེ་རེར
ཁྱོད་ཀྱིས་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་རང་སེམས་རང་གིས་གསོས

རྗེས་སུ    ཁྱོད་ཀྱི་ལག་རོགས་ལྟ་བུའི་བུ་ཆུང་སྙིང་རྗེ་བོ་དེ
གར་སོང་ཆ་མེད་དུ་གྱུར་སོང་
ཁྱོད་ཀྱིས་ཡིད་སེམས་སྡུག་གིས་གཟིར་བཞིན
ཇི་ལྟར་བཙལ་ནའང་
ཁྱོད་ཀྱིས་ཁོ་རང་གཏན་ནས་རྙེད་མ་བྱུང……

མི་ལོ་མང་པོ་འགོར་རྗེས་ཀྱི་མཚན་མོ་ཞིག་ལ
རྒས་ཤིང་འཁོགས་ཟིན་པའི་ཁྱོད་ཀྱིས
སྔོན་ཆད་དང་འདྲ་བར       ཤུགས་གང་ཡོད་བཏོན་ནས
མཁར་གྱང་རེ་རེ་བཤིག་བཞིན་པའི་སྒང་ལ
ལག་ལ་སྒྲོན་མེ་ཐོགས་ཡོད་པའི་གསར་བུ་ཞིག་གིས
ཁྱོད་ཀྱི་རྒྱབ་ཕྱོགས་ནས
“ཨ་ཕ     ཁྱོད་ཀྱིས་མཁར་གྱང་གི་ངོས་ན་ཅི་ཞིག་བྲིས་ཡོད་པ་མི་མཐོང་ངམ”ཟེར
ཁྱོད་ཀྱིས་ཁོའི་ལག་གི་སྒྲོན་མེ་གཡར་ནས་ཞིབ་ཏུ་བལྟས་ཙ་ན
ཁྱོད་ཀྱིས་མཁར་གྱང་གི་ངོས་ན
“མཁར་གྱང་བརྩིགས་མཁན་ནི་མི་ཡིན་ལ
མཁར་གྱང་བཤིག་མཁན་ཡང་མིའོ”ཞེས་བྲིས་ཡོད་པ་
གསལ་བོར་མཐོང་སོང
                                                                ༢༠༠༩   ༥  ༢༥མཚན་མོར་བྲིས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་སུ……

2010-05-28 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།