འགྱུར་བའི་ངོ་བོ།
"དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །"
-------༼བཀའ་བསྡུས༽ལས།
གྲོང་ཁྱེར་བརྒལ་ཐབས་བྲལ་བའི་བྱེ་ཐང་ཆེན་མོར་འགྱུར
རླངས་འཁོར་དང་འཕྲུལ་ཆས་སྣ་ཚོགས
ཚོན་མདངས་ཀྱིས་བྱུགས་པའི་སྡིག་སྲིན་ཆེན་པོར་འགྱུར
༼དེ་དག་ད་དུང་ཡང་ཁོམ་སྐབས་མི་འདུག༽
གཞུང་ལམ་ནི་བག་ཆགས་ཀྱི་སྡོང་རྒན་ཞིག་ཏུ་འགྱུར
དེའི་སྣེ་གཉིས་སུ་མེས་པོ་དང་ངོ་མི་ཤེས་པའི་ཚ་བོ་ཞིག་འདུག
རྩིག་ལྡེབས་དག་འཇམ་བག་གི་རླུང་བུའི་ཚུལ་དུ་རྒྱུ
རེག་པ་ཙམ་གྱིས་ཐལ་བའི་རྡུལ་དུ་འགྲོ
ནམ་མཁའ་ཡངས་པོ་སྟོང་བ་ཁོ་ནར་འགྱུར་གྱི
བར་སྣང་གི་ཁྲག་དང་རལ་གྲིས་མཚོན་པའི་དཔའ་རྒོད་དག་རྡོ་རུ་གྱུར
རི་མོ་བཞིན་འགྲེང་ཡུན་རིང་ཤིང་ཁ་ཡའང་མི་བྱེད་པས
བྱ་དང་བྱེའུ་མཐའ་དག་ངུ་ངག་བོར་བའི་རྒྱུད་དྲུག་ཅིག་ཏུ་གྱུར
དེའི་མཐའ་རུ་འདབ་ཆགས་ཀྱི་དཔུང་བ་འཐོར་ཞིང
གངས་རིའི་ཁྲོད་ཀྱི་དཀའ་ཐུབ་པ་ཞིག་ཀྱང་བྱོན
མིག་ཟུང་བྱེ་ཐང་མཐའ་ཡི་ཆུ་མིག་གི་ལྟེ་བར་འགྱུར
བརྡོལ་དྲགས་པས་ཡིག་འབྲུའི་གསེབ་ཀྱི་གསང་བ་ཕྱི་རུ་ཤོར
སྐག་ཚོས་མ་ཡལ་བའི་གཞོན་ནུ་མ་ཉི་མའི་འོག་གི་ནག་ཐིག་ཅིག་ཏུ་འགྱུར
ནག་ཐིག་དེ་མདོག་ཡལ་བའི་མེ་ཏོག་ཅིག་ཏུ་འགྱུར
མེ་ཏོག་དེས་རྙིང་དྲི་མ་བཟོད་པར་ཚ་བར་དམ་དུ་འཁྱུད
བདེ་བ་ཆེན་པོའི་ལམ་ཁ་རུ་ཞག་བཞུགས་མཛད་པའི་མཚོན་ཆར་འགྱུར
ཝོལ་ཧྥོ་ཡི་རྩིག་ངོས་ནས་མངོན་པའི་སྦུར་ནག་དེས
ཁ་ཧྥོ་ཁའི་སྦུར་ནག་དེ་ཡོངས་སུ་བཏུལ་རྗེས་མོ་རང་ཆུ་ལ་ལྕེབས
ཆུ་དེའང་འདུ་ཤེས་འཕྲོ་སྦྱོར་ལ་བྱང་བའི་སྦུར་ནག་ཅིག་ཏུ་འགྱུར
ཡིན་ནའང་བྱེ་ཐང་དུ་གངས་རི་མེད་ལ་གཙང་བོའང་དཀོན
སྒེའུ་ཁུང་ལའང་རྡུལ་གྱིས་བཙན་འཛུལ་བྱེད་པའི་དུས་སུ
དཔེ་སྒམ་དང་མལ་ཁྲི་རོ་སྒམ་ཆེན་པོ་ཞིག་ཏུ་འགྱུར
དུར་བྱང་འང་གསལ་བོར་འཁོད 鉊ང་ཕྱིར་མི་འོང鉋ཞེས་པའོ
མིག་མངས་འདྲ་བའི་སྡོམ་གྲྭ་བར་སྟོང་གཞན་ཞིག་ཏུ་འགྱུར
ཤ་ཟ་དང་ཁྲག་འཐུང་གི་རིགས་ཡི་དྭགས་ཚོགས་ཀྱིས་བསྐོར
ཆེས་གདུག་རྩུབ་ཆེ་བའི་ཟླ་གསུམ་པ ༡
གངས་འཁྱག་གི་ཁྲག་དྲོན་གྱིས་བསྐྱེད་པའི་བུ་རུ་འགྱུར
བུ་ཁོ་ནར་འགྱུར དུས་ཚོད་ལ་འགྱུར་བ་ཡེ་ནས་མི་འདུག
སྔར་བཞིན་ཞོགས་པ་དང་ས་སྲོས ཉིན་དང་མཚན
སེ་གོལ་དང་སེ་གོལ་་ཙམ་གྱི་གནས་སྐབས་སུ་འགྱུར
༢༠༠༨
༡ སྙན་ངག་པ་གྲགས་ཅན་ཨེ་ལི་ཐིའི་སྙན་ངག་རིང་མོ༼མྱ་ངམ་ཐང༽གི་ཚིག་རྐང་ཐོག་མ་བཅོས་པའོ། །

རྩོམ་ཁུངས། ངེད་དྲ་བ།