ཆུ་ཚོད་ཀླད་གོར་སྟེང་གི་མཚན་མོ།
ཟླ་བ་དགོད་ཀྱིན་སྤྱང་མོའི་གཟུགས་ལ་ལྟ
སྤྱང་མོ་ངུ་བཞིན་ཟླ་བའི་གདོང་ལ་ཅེར
སྐར་ཚོགས་ཁྲེལ་དགོད་བྱེད
དགུ་ཚིགས་ངང་འདར་རྒྱག
དགུ་ཚིགས་ངང་འདར་རྒྱག
སམ་སིམ་འབབ་པའི་ཆར་བ
ཁེར་རྐྱང་སུ་ཡི་མིག་ཆུའམ
ཆགས་ལྡན་གང་གི་ཁུ་བ་ཡིན
ཁེར་རྐྱང་སུ་ཡི་མིག་ཆུའམ
ཆགས་ལྡན་གང་གི་ཁུ་བ་ཡིན
གཅིག གཉིས གསུམ
སྐྱོ་གདུང་གི་ཆར་ཐིགས
མུ་མཐུད་དུ་ལྷུང་གིན་འདུག
སྐྱོ་གདུང་གི་ཆར་ཐིགས
མུ་མཐུད་དུ་ལྷུང་གིན་འདུག
སྨག་རུམ་ཁྲོད
རབ་རིབ་ཏུ་སྣང་བ་ཟླ་བའི་ཞལ་རིས
མག་མོག་ཏུ་ཐོས་པ་སྤྱང་མོའི་ངུ་དགོད
རབ་རིབ་ཏུ་སྣང་བ་ཟླ་བའི་ཞལ་རིས
མག་མོག་ཏུ་ཐོས་པ་སྤྱང་མོའི་ངུ་དགོད
ཏག་ཏག
ཆུ་ཚོད་ཀླད་གོར་སྟེང་སླེབས་འདུག
ཆུ་ཚོད་ཀླད་གོར་སྟེང་སླེབས་འདུག
༢༠༠༨*༡༢*༡༠དགོང་མོར།
རྩོམ་ཁུངས། ངེད་དྲ་བ།