མེ་ཏོག
བྱེ་རླུང་འཚབ་འཚུབ་ཅིག་དང་འགྲོགས་ནས
མིག་རྡེབ་དབང་ཙམ་ལ་ཤར་ཏེ་སླར་ཡང་ནུབ་འགྲོ་བའི་སྐར་མ་ཁྱོད
སྐར་མ་ཁྲི་སྟོང་མང་པོ་དང་འདྲ་བར མིང་མི་ཤེས་པའི་ཁྱོད
ཆུ་ནང་ནས་མེ་སྟག་ཞུ་བ་བཞིན ཆུ་ནང་ནས་ཁ་བ་ཞུ་བ་བཞིན
ཆུ་ལྟ་བུའི་མུན་པའི་ཁྲོད་ནས་ཞུ་འགྲོ་བའི ཡལ་འགྲོ་བའི་ཁྱོད
ཁྱོད་གང་དུ་ཡོད་དམ ཁྱོད་གང་དུ་ཡོད་དམ
ཤོག་བུའི་ངོས་ལ་རྒྱུ་མཚན་ཅི་ཡང་མེད་པར་ལྷུང་བའི
མེ་ཏོག་ཅེས་པའི་ཆུ་ཐིགས་དེ་གཉིས་ཀ ཡིག་འབྲུ་དེ་གཉིས་ཀ
རྣམ་ཤེས་མིན་པའི་ཁ་དོག་དམར་པོ
འགུལ་ཀྱང་སྐག་འགྲོ་བའི་ཁ་དོག་དམར་པོ
ཁྲག་ལས་ཀྱང་དམར་བ་དེ
ཁྱོད ཁྱོད ཁྱོད ཁྱོད
རྨ་ཆུ་ནས།
རྩོམ་ཁུངས། ངེད་དྲ་བ།