སྣང་སེམས་ཀྱི་མེ་ལྕེ།

སུ་ཡིས་གྲོགས་སུ་སྦྲན་པའི་རེ་བ་མེད།།
གང་ཞིག་ཐོབ་ན་འདོད་པའི་བློ་དེ་མེད།།
འགལ་འདུ་སྟོང་གི་གཡང་སར་བསྐྱོད་དགོས་ཀྱང་།།
རང་སེམས་རང་གིས་སྲུང་བའི་དམ་བཅའ་ཡོད།།
 
ཅི་ཞིག་བདེན་པའི་ཚུལ་དེ་ངས་མ་རྟོགས།།
སུ་ཞིག་བསླུ་མེད་ཡིན་པ་ངས་མ་ཤེས།།
གནམ་སའི་བར་སྟོང་འདེགས་པའི་ཀ་བ་དེ།།
རང་རྟོག་བསམ་བློ་ཡིན་པར་ཡིད་ཆེས་ཐལ།།
 
ཕོ་ཚོད་ཆེ་བ་འབྲོང་གི་དོ་ཟླ་མིན།།
ནུས་མེད་གནག་གསོག་དག་ལས་དམན་པ་མིན།།
མགོ་མཇུག་ལྡོག་པའི་སྐད་ཆ་ཅི་བཤད་ཀྱང་།།
རང་གཤིས་རང་གིས་སྲུང་བའི་སྤོབས་པ་དགོས།།
 
ཡང་དག་དད་པས་རང་རྟོག་བསམ་བློ་འགོག།
མི་དོན་ཕལ་བས་སྤྱི་ཚོགས་གཡང་སར་བསྐྱལ།།
ཤེས་མེད་ཅོལ་ཆུང་དག་གི་ཁ་སྒོ་ན།།
རྩམ་སྐྱ་རླུང་གིས་སྤུར་བའི་རྟགས་ཤིག་འདུག།
 
རི་རབ་སྟོབས་ཀྱིས་སྒུལ་བའི་མཐུ་མེད་ཀྱང་།།
གོམ་གང་མདུན་བསྐྱོད་མེད་པའི་ཞ་བོ་མིན།།
འོན་ཀྱང་གྲོག་མ་དག་གི་བགྲོད་ལམ་དུ།།
རྐང་རྗེས་གཅིག་ཀྱང་མེད་པ་ཡ་མཚན་ཉིད།།
 
མགོ་བོ་ལྷ་ཡིས་གནང་བར་ཡིད་ཆེས་མཁན།།
འུ་ཚོའི་མི་དག་སྨྱོན་པའི་ཁྱི་སྤྱང་འདྲ།།
མཐར་ཐུག་དམིགས་པའི་འཇུ་ས་མ་རྙེད་ཀྱང་།།
འ་འུར་སྒྲོག་པའི་སྐད་སྒྲ་རྒྱུན་མི་ཆད།།
 
ལམ་ཁ་མེད་སར་འདུར་བའི་བོང་རྒན་དེས།
ཇི་བཤད་ཆག་འཇོག་མཁན་ཞིག་ང་མིན་ཀྱང་།།
རྒྱུ་མཚན་མེད་པར་ཟུག་པའི་ཀུ་ཅོ་དེར།།
སུན་པའི་སྣང་བ་ཁྱོད་ལ་དཀོན་ཚོད་གདའ།།
 
རྐང་གཉིས་མི་ལ་དབང་བའི་འཇིག་རྟེན་འདི།།
མཐོ་དམའ་མེད་པར་འཇུག་པའི་ལམ་ཞིག་ཡིན།།
དེས་ཀྱང་ཤེས་རབ་གསར་བའི་ཁྱིམ་གཞིས་ཤིག།
འཚོལ་བར་འདོད་པའི་ལམ་ཞིག་བདག་ལ་བསྟན།།
 
མི་མཐོང་བློ་ཡི་རྒྱལ་ཁམས་ཉུལ་བ་པོ།།
ཁྱོད་ཀྱི་གྲོགས་སུ་གཏན་ནས་མི་འོས་ཀྱང་།།
ཡོད་ཚད་ཞྭ་བཞིན་བཀུར་བའི་ནད་རྙིང་དེ།།
སྔར་ནས་རྩ་སྐྱ་བཞིན་དུ་དོར་ནས་ཡོད།།
 
རྒྱུན་པར་དད་པའི་བ་སྤུ་གཡོ་མཁན་ཚོ།།
གནད་ལ་ཁེལ་དུས་ཅི་འདུག་གསལ་ནས་ཡོད།།
ཕྱི་ཤུན་བརྟོལ་ནས་ནང་དུ་བལྟས་པའི་ཚེ།།
དད་པའི་ས་བོན་རལ་བའི་རྟགས་ཤིག་མཐོང་།།
 
འདོད་དུང་འགོག་པའི་ཉམས་ལེན་ཅང་མེད་པས།།
དག་སྣང་མིག་ཤེལ་ཅན་གྱིས་དགྲ་རུ་བརྩི།།
འོན་ཀྱང་སེམས་ཀྱི་བརྒྱུད་སྒོ་རེ་རེ་ན།།
འཁྲུལ་སྤོང་ཐལ་བ་བཟློག་པའི་བློ་མིག་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་སེམས་ཀྱི་མེ་ལྕེ།

2010-10-20 རྫ་སྐྱེས་ཕུར་བ། ཀློག་གྲངས། མཆན ཡོད།

སུ་ཡིས་གྲོགས་སུ་སྦྲན་པའི་རེ་བ་མེད།།
གང་ཞིག་ཐོབ་ན་འདོད་པའི་བློ་དེ་མེད།།
འགལ་འདུ་སྟོང་གི་གཡང་སར་བསྐྱོད་དགོས་ཀྱང་།།
རང་སེམས་རང་གིས་སྲུང་བའི་དམ་བཅའ་ཡོད།།
 
ཅི་ཞིག་བདེན་པའི་ཚུལ་དེ་ངས་མ་རྟོགས།།
སུ་ཞིག་བསླུ་མེད་ཡིན་པ་ངས་མ་ཤེས།།
གནམ་སའི་བར་སྟོང་འདེགས་པའི་ཀ་བ་དེ།།
རང་རྟོག་བསམ་བློ་ཡིན་པར་ཡིད་ཆེས་ཐལ།།
 
ཕོ་ཚོད་ཆེ་བ་འབྲོང་གི་དོ་ཟླ་མིན།།
ནུས་མེད་གནག་གསོག་དག་ལས་དམན་པ་མིན།།
མགོ་མཇུག་ལྡོག་པའི་སྐད་ཆ་ཅི་བཤད་ཀྱང་།།
རང་གཤིས་རང་གིས་སྲུང་བའི་སྤོབས་པ་དགོས།།
 
ཡང་དག་དད་པས་རང་རྟོག་བསམ་བློ་འགོག།
མི་དོན་ཕལ་བས་སྤྱི་ཚོགས་གཡང་སར་བསྐྱལ།།
ཤེས་མེད་ཅོལ་ཆུང་དག་གི་ཁ་སྒོ་ན།།
རྩམ་སྐྱ་རླུང་གིས་སྤུར་བའི་རྟགས་ཤིག་འདུག།
 
རི་རབ་སྟོབས་ཀྱིས་སྒུལ་བའི་མཐུ་མེད་ཀྱང་།།
གོམ་གང་མདུན་བསྐྱོད་མེད་པའི་ཞ་བོ་མིན།།
འོན་ཀྱང་གྲོག་མ་དག་གི་བགྲོད་ལམ་དུ།།
རྐང་རྗེས་གཅིག་ཀྱང་མེད་པ་ཡ་མཚན་ཉིད།།
 
མགོ་བོ་ལྷ་ཡིས་གནང་བར་ཡིད་ཆེས་མཁན།།
འུ་ཚོའི་མི་དག་སྨྱོན་པའི་ཁྱི་སྤྱང་འདྲ།།
མཐར་ཐུག་དམིགས་པའི་འཇུ་ས་མ་རྙེད་ཀྱང་།།
འ་འུར་སྒྲོག་པའི་སྐད་སྒྲ་རྒྱུན་མི་ཆད།།
 
ལམ་ཁ་མེད་སར་འདུར་བའི་བོང་རྒན་དེས།
ཇི་བཤད་ཆག་འཇོག་མཁན་ཞིག་ང་མིན་ཀྱང་།།
རྒྱུ་མཚན་མེད་པར་ཟུག་པའི་ཀུ་ཅོ་དེར།།
སུན་པའི་སྣང་བ་ཁྱོད་ལ་དཀོན་ཚོད་གདའ།།
 
རྐང་གཉིས་མི་ལ་དབང་བའི་འཇིག་རྟེན་འདི།།
མཐོ་དམའ་མེད་པར་འཇུག་པའི་ལམ་ཞིག་ཡིན།།
དེས་ཀྱང་ཤེས་རབ་གསར་བའི་ཁྱིམ་གཞིས་ཤིག།
འཚོལ་བར་འདོད་པའི་ལམ་ཞིག་བདག་ལ་བསྟན།།
 
མི་མཐོང་བློ་ཡི་རྒྱལ་ཁམས་ཉུལ་བ་པོ།།
ཁྱོད་ཀྱི་གྲོགས་སུ་གཏན་ནས་མི་འོས་ཀྱང་།།
ཡོད་ཚད་ཞྭ་བཞིན་བཀུར་བའི་ནད་རྙིང་དེ།།
སྔར་ནས་རྩ་སྐྱ་བཞིན་དུ་དོར་ནས་ཡོད།།
 
རྒྱུན་པར་དད་པའི་བ་སྤུ་གཡོ་མཁན་ཚོ།།
གནད་ལ་ཁེལ་དུས་ཅི་འདུག་གསལ་ནས་ཡོད།།
ཕྱི་ཤུན་བརྟོལ་ནས་ནང་དུ་བལྟས་པའི་ཚེ།།
དད་པའི་ས་བོན་རལ་བའི་རྟགས་ཤིག་མཐོང་།།
 
འདོད་དུང་འགོག་པའི་ཉམས་ལེན་ཅང་མེད་པས།།
དག་སྣང་མིག་ཤེལ་ཅན་གྱིས་དགྲ་རུ་བརྩི།།
འོན་ཀྱང་སེམས་ཀྱི་བརྒྱུད་སྒོ་རེ་རེ་ན།།
འཁྲུལ་སྤོང་ཐལ་བ་བཟློག་པའི་བློ་མིག་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།