སྙིང་མ་ལྡིང་བའི་མཚམས་སུ།
སད་མ་ཐུབ་པའི་སྔ་རོལ་དུ་
ཁོ་ནི་གཉིད་འདུག་ཟེར།
སྙིང་མ་ལྡིང་བའི་མཚམས་སུ
ཁོ་ནི་ཤི་འདུག་ཟེར།
དུས་ཚོད་ཀྱིས་འཐབ་འཛིང་བསླངས་བའི་ཉིན་ནས་བཟུང་།
འཇིག་རྟེན་གྱི་ཟིང་ཆའི་འགོ་བརྩམས་བྱུང་།
མི་རྣམས་ཐང་་ཆད་པའི་གོ་རིམ་ཁྲོད་དུ།
སྙིང་ལྡིང་མཚམས་ནི་དེ་ལས་ཇེ་མགྱོགས་སུ་སོང་སྟེ།
སྙིང་མ་ལྡིང་མ་ལྡིང་ཞེས་བོས་ནའང་།
སྙིང་ནི་དུས་རྟག་ཏུ་བྲེལ་ཟིང་གི་རྒྱུན་ལ་བྲེལ་གྱིན་འདུག
སྙིང་ནི་ཆུ་བོ་བཞིན་མ་ཡིན་ཏེ།
སྙིང་ནི་སྙིང་སྟོབས་ཞིག་རེད།
སྙིང་ལ་འགུལ་རྒྱུ་མི་འདུག
མི་རྣམས་ངུ་གྱིན་འདུག
སྙིང་མ་ལྡིང་བའི་མཚམས་སུ།
མི་རྣམས་ཀྱིས་ལྷའི་མདུན་ནས་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན།
དཀོན་མཆོག་ནི་སྙིང་གི་གསར་གཏོད་པ་མིན།
དཀོན་མཆོག་ནི་ལྷ་དང་འདྲེ་ཡི་དུར་ཁྲོད་ན་གནས་བའི་ལྕགས་ཕུར་ཞིག་ཡིན།
རྩོམ་ཁུངས། ངེད་དྲ་བ།