རང་དབང་གི་རྩེད་ར་ཞིག་གནོངས་དང་།

 

མུན་ནག་གི་མིག་འབྲས་ལ་འདབ་གཤོག་ཐོག་ཞིང་
ཝུ་བའི་སྨ་ལྕེ་དག་ལ་ཚད་ཐིགས་དམར་པོ་རེ་བརྒྱབ་པས
ད་གཟོད་རླུང་གི་མདའ་གྲི་རེ་རེ་གང་སར་ཟུག་ཅིང་
མིའི་རིགས་ཀྱི་འཚོ་སྡོད་འདི་འུར་གྱིས་དཀྲོགས་བྱུང
 
ནམ་མཁའ་ལྟ་བུའི་རང་བྱུང་ཁམས
ཁྱེད་ཀྱིས་སྙིམ་པས་ཁེབས་ཐུབ་བམ
དབྱངས་འགྲོས་ནི་ཚེ་སྲོག་གི་གཏིམ་རིམ་དུ་ཡོད་པས
བརྩེ་དུང་མེད་པའི་ནམ་མཁའ་ཞིག་གང་དུ་ཡོད་དམ
 
ང་ཚོས་བསྐྲུན་པའི་ཚད་ཐིགས་འདི་སུ་ཞིག་གི་ཁྲིམས་ར་ཡིན་ན
རང་དབང་ནི་ལོངས་སྤྱོད་ཀྱི་ཡང་རྩེ་མིན་ཞེས་སུ་ཞིག་གིས་བཤད་ཐུབ
 
གནའ་ནས་ད་བར་དུ
ཕྱི་ནང་བྲལ་བའི་ལུས་སེམས་ཀྱི་དམར་མཆོད་ངོ་མ
མིའི་རིགས་ཀྱི་ཆེས་བརྩི་བཀུར་གྱི་སྙིང་བོ་རུ་འདོད་པས
ང་ཚོ་ལ་ཚད་བཀག་གི་ལྕགས་རི་འདིས་ཅི་བྱེད
 
དེ་བས  ཡངས་པོར་ཕྱེས་དང་བདག་གི་འཇིག་རྟེན་ཡ
རང་དབང་ནི་འུ་གཉིས་ཁོ་ནའི་ཚོར་ཤེས་མིན་པས
ང་ཚོ་ལ་ཅིས་ཀྱང་ཁོད་ཡངས་ཀྱི་རྩེད་ར་ཞིག་དགོས
 
དེ་རུ  འོད་ཀྱི་ཉི་ཟླ་དང་རྒྱུ་སྐར་གྱི་མིག་ཆུ
ད་དུང་   སྨག་རམ་གྱི་དབྱངས་འགྲོས་ཡོད་པས
བཀག་རྒྱ་དབེན་པའི་རྩེད་ར་འདིའི་དཀྱིལ་དབུས་སུ
ང་ཚོས་རྨི་མ་ཚར་བའི་སེམས་ཀྱི་རྨི་ལམ་རེ་རེ་བཙལ་ཆོག་ལ
སང་ཉིན་ལ་དབང་བའི་ཉི་འོད་དང་གླུ་ངག་ཀྱང་བསུས་ཆོག
 
ང་ཚོ་ལ་རང་དབང་གི་རྩེད་ར་ཞིག་གནོང་དང་
ད་ནས་བཟུང་
སྒེར་སེམས་ཀྱི་ཤ་འཁོན་དམར་པོ་འདི་ནས་མཇུག་རྫོགས་བཞིན
གཅེས་འཛིན་གྱི་ཆགས་སྡང་ནུར་བོའང་གནས་འདི་ནས་རྒྱང་དུ་དོར་ཆོག་པས
 
ཆེས་གུས་བརྩི་དང་དྲང་སྙོམ་གྱི་ལག་ཟུང་གིས
ཡོད་ཚད་ཅིག་ཏུ་སྒྲིལ་དང་
 
རང་ཉིད་ཀྱི་སེམས་པ་འདི་མཐའ་མེད་པའི་ནམ་མཁའ་རུ་རློམ་ཆོག་ལ
རང་ཉིད་ཀྱི་བརྩེ་དུང་ཡང་ཚད་མེད་པའི་བདེ་དྲོད་དུ་སྒོམ་ཆོག
                                                 ༢༠༡༠ལོའི་ཟླ༡༠ཚེས་༤ཉིན་བྲིས།
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་དབང་གི་རྩེད་ར་ཞིག་གནོངས་དང་།

2010-10-09 བདེ་འཚོ། ཀློག་གྲངས། མཆན ཡོད།

 

མུན་ནག་གི་མིག་འབྲས་ལ་འདབ་གཤོག་ཐོག་ཞིང་
ཝུ་བའི་སྨ་ལྕེ་དག་ལ་ཚད་ཐིགས་དམར་པོ་རེ་བརྒྱབ་པས
ད་གཟོད་རླུང་གི་མདའ་གྲི་རེ་རེ་གང་སར་ཟུག་ཅིང་
མིའི་རིགས་ཀྱི་འཚོ་སྡོད་འདི་འུར་གྱིས་དཀྲོགས་བྱུང
 
ནམ་མཁའ་ལྟ་བུའི་རང་བྱུང་ཁམས
ཁྱེད་ཀྱིས་སྙིམ་པས་ཁེབས་ཐུབ་བམ
དབྱངས་འགྲོས་ནི་ཚེ་སྲོག་གི་གཏིམ་རིམ་དུ་ཡོད་པས
བརྩེ་དུང་མེད་པའི་ནམ་མཁའ་ཞིག་གང་དུ་ཡོད་དམ
 
ང་ཚོས་བསྐྲུན་པའི་ཚད་ཐིགས་འདི་སུ་ཞིག་གི་ཁྲིམས་ར་ཡིན་ན
རང་དབང་ནི་ལོངས་སྤྱོད་ཀྱི་ཡང་རྩེ་མིན་ཞེས་སུ་ཞིག་གིས་བཤད་ཐུབ
 
གནའ་ནས་ད་བར་དུ
ཕྱི་ནང་བྲལ་བའི་ལུས་སེམས་ཀྱི་དམར་མཆོད་ངོ་མ
མིའི་རིགས་ཀྱི་ཆེས་བརྩི་བཀུར་གྱི་སྙིང་བོ་རུ་འདོད་པས
ང་ཚོ་ལ་ཚད་བཀག་གི་ལྕགས་རི་འདིས་ཅི་བྱེད
 
དེ་བས  ཡངས་པོར་ཕྱེས་དང་བདག་གི་འཇིག་རྟེན་ཡ
རང་དབང་ནི་འུ་གཉིས་ཁོ་ནའི་ཚོར་ཤེས་མིན་པས
ང་ཚོ་ལ་ཅིས་ཀྱང་ཁོད་ཡངས་ཀྱི་རྩེད་ར་ཞིག་དགོས
 
དེ་རུ  འོད་ཀྱི་ཉི་ཟླ་དང་རྒྱུ་སྐར་གྱི་མིག་ཆུ
ད་དུང་   སྨག་རམ་གྱི་དབྱངས་འགྲོས་ཡོད་པས
བཀག་རྒྱ་དབེན་པའི་རྩེད་ར་འདིའི་དཀྱིལ་དབུས་སུ
ང་ཚོས་རྨི་མ་ཚར་བའི་སེམས་ཀྱི་རྨི་ལམ་རེ་རེ་བཙལ་ཆོག་ལ
སང་ཉིན་ལ་དབང་བའི་ཉི་འོད་དང་གླུ་ངག་ཀྱང་བསུས་ཆོག
 
ང་ཚོ་ལ་རང་དབང་གི་རྩེད་ར་ཞིག་གནོང་དང་
ད་ནས་བཟུང་
སྒེར་སེམས་ཀྱི་ཤ་འཁོན་དམར་པོ་འདི་ནས་མཇུག་རྫོགས་བཞིན
གཅེས་འཛིན་གྱི་ཆགས་སྡང་ནུར་བོའང་གནས་འདི་ནས་རྒྱང་དུ་དོར་ཆོག་པས
 
ཆེས་གུས་བརྩི་དང་དྲང་སྙོམ་གྱི་ལག་ཟུང་གིས
ཡོད་ཚད་ཅིག་ཏུ་སྒྲིལ་དང་
 
རང་ཉིད་ཀྱི་སེམས་པ་འདི་མཐའ་མེད་པའི་ནམ་མཁའ་རུ་རློམ་ཆོག་ལ
རང་ཉིད་ཀྱི་བརྩེ་དུང་ཡང་ཚད་མེད་པའི་བདེ་དྲོད་དུ་སྒོམ་ཆོག
                                                 ༢༠༡༠ལོའི་ཟླ༡༠ཚེས་༤ཉིན་བྲིས།
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།