གློ་བུར་མའི་བསམ་ཚོར།
----- གྲོགས་པོ་ཞིག་ལ་བྲིས་པ།
རྒྱང་བཞུད་ལས་ཀྱི་བསྐོས་ཐང་ཨ་ཙ་མ།།
དྲན་གདུང་ལྕི་མོས་ཁུར་དུ་ནོན་སྲིད་ཀྱང་། །
སྲིད་པ་འཇིག་རྟེན་འཚོ་བའི་བཞུད་ལམ་ལས། །
རེ་ཞིག་གྱེས་པའི་གདུང་བ་ཅིས་མི་བཟོད། །
སུ་དང་གང་གིས་རྙེད་ཀྱང་བསྐྱུར་དགོས་པའི། །
འཚོ་བའི་རེ་ཁཱ་མཛེས་པའི་ལོངས་སྤྱོད་འདི། །
སྡུག་གི་རྒྱ་མཚོ་སྐྱིད་ཀྱི་དཔལ་ཡོན་ཞེས། །
སུ་ཡང་གསོན་དུ་རེ་བའི་རྨི་ལམ་ཡོད ། །
དགུང་ན་ཉི་ཟླའི་གཟི་བྱིན་ཆ་རུ་སྣང་། །
ས་ན་སྐྱེ་འགྲོ་འཚོ་སྟངས་ཁྲི་མ་འབུམ། །
ཀུན་ཀྱང་འཆམ་མཐུན་ཞི་བདེའི་དཔལ་ཡོན་ལ།།
རྟག་ཏུ་རོལ་བའི་དགའ་བདེ་སྐྲུན་གྱུར་ཅིག།
དྲན་གདུང་ལྕི་མོས་ཁུར་དུ་ནོན་སྲིད་ཀྱང་། །
སྲིད་པ་འཇིག་རྟེན་འཚོ་བའི་བཞུད་ལམ་ལས། །
རེ་ཞིག་གྱེས་པའི་གདུང་བ་ཅིས་མི་བཟོད། །
སུ་དང་གང་གིས་རྙེད་ཀྱང་བསྐྱུར་དགོས་པའི། །
འཚོ་བའི་རེ་ཁཱ་མཛེས་པའི་ལོངས་སྤྱོད་འདི། །
སྡུག་གི་རྒྱ་མཚོ་སྐྱིད་ཀྱི་དཔལ་ཡོན་ཞེས། །
སུ་ཡང་གསོན་དུ་རེ་བའི་རྨི་ལམ་ཡོད ། །
དགུང་ན་ཉི་ཟླའི་གཟི་བྱིན་ཆ་རུ་སྣང་། །
ས་ན་སྐྱེ་འགྲོ་འཚོ་སྟངས་ཁྲི་མ་འབུམ། །
ཀུན་ཀྱང་འཆམ་མཐུན་ཞི་བདེའི་དཔལ་ཡོན་ལ།།
རྟག་ཏུ་རོལ་བའི་དགའ་བདེ་སྐྲུན་གྱུར་ཅིག།
ཀྱི་ཧུད་དམྱལ་ཁམས་ཆེན་མོའི་གཏིང་རུམ་དུ། །
སྡུག་བསྔལ་བཟོད་དཀའི་ན་ཟུག་འཁུན་སྒྲ་ཡོད།།
ལེགས་སོ་མཐོ་རིས་ཡུལ་གྱི་གནས་མཆོག་གི། །
བདེ་སྐྱིད་བག་མེད་དེ་ཚོར་ཞེ་ཅི་འཁྲེང་། །
འཁོར་བའི་ཟོ་ཆེན་ཁྱུད་མོ་སྔར་བཞིན་འཁོར། །
རེ་དགའ་རེ་སྡུག་འདི་ཡང་ཟུང་དུ་འཁོར། །
བསྐལ་བ་མཐའ་མའི་མེ་དཔུང་འཁྲིགས་པ་ན། །
མི་འཇིག་གཞོམ་བྲལ་རྟག་པའི་དངོས་པོ་གང་། །
སྲོང་བཙན་སྒམ་པོའི་དབུ་ཡི་ལྷ་ཡི་སྐུ། །
འུ་དུམ་བཙན་པོའི་མགོ་ཡི་རྭ་ཅོ་གཉིས། །
བདེན་པ་བཀྲལ་ནས་ཡང་དག་བལྟས་ཙ་ན། །
བྱིས་པ་གད་མོ་འཆོར་བའི་འཇིག་རྟེན་འདི། །
སློང་སྟེར་ག་འཛོལ་འཇིག་རྟེན་ཡུལ་ཁམས་ལ། །
འཕྲུལ་གྱི་མེ་ལོང་ཐོགས་ནས་བལྟས་བལྟས་ན། །
རྒན་གཞོན་བར་མའི་སྐྱེ་བོ་མ་ལུས་པ། །
མ་འོངས་མུན་པའི་འོབས་ཀྱི་ནང་དུ་འཚོ། །
སྟོང་ཉིད་རྟོགས་པའི་ལྟ་བ་མ་མཁྱེན་ཅིང་། །
འཇིག་རྟེན་ཁྲ་ཁྲ་བློ་ཡིས་མི་བཟོད་པ། །
རྡོ་རྗེ་ཚེར་མའི་བསམ་གཞིག་ཡམས་ནད་འདི། །
མི་བུ་ང་ཚོས་ཅིས་ཀྱང་འཁུར་དགོས་ལགས། །
ལང་ཚོའི་དཔལ་འབར་ན་གཞོན་སྟོབས་ཤུགས་འདི། །
སྐྲ་དཀར་ལོ་མས་ནམ་ཡང་མི་ནོན་ལ། །
གཉེར་མ་མཐུག་པོ་དེས་ཀྱང་ཁོག་མིན་ན། །
གཞོམ་མེད་ལང་ཚོ་འདི་ལས་ཅི་ཞིག་མཁོ། །
ཕྱི་ལོ༢༠༡༠ལོའི་ཟླ༧ཚེས༡༥དགོང་མོར་གྲོགས་པོ་ཆེ་གེ་མོའི་ཁ་པར་ལ་ཉན་རྗེས། གློ་བུར་མའི་བསམ་ཚོར་ཡལ་འདབ་ལྔ་བའི་ལག་པད་ཀྱིས་རྩིས་འཁོར་དུ་ཤར་མར་གཏགས་སོ།
རྩོམ་ཁུངས། ངེད་དྲ་བ།