བདག་གིས་སྔོ་ཡོམ་ཡོམ་གྱི་གཙང་བོར་འདྲི།

ཅིས་ཀྱང་འདྲི་འདོད་པ་དེ་ས་གཞི་ལ་འདྲི་འོས་པར་མཐོང
ས་གཞི་དང་གཙང་བོ་ནི་ལུས་དང་གྲིབ་མར་འབྲེལ་འདུག་པས
སྨུག་སྤྲིན་གྱི་གསེབ་ཀྱི་རྫི་གླུ་དེ་ཡང་སེམས་དང་འདྲ་བོ་རེད
མཉེན་པ་དང་ཡང་བ་འཇམ་པའི་གཤིས་ཀ་ཁོ་ནས་ཀྱང
སྟོན་ནམ་རིང་མོ་ཞིག་སྐྱིད་ལ་བསྐུར་འགྲོ
སྐྱིད་ཟེར་བ་འདི་མངར་བ་འང་མིན་ལ་བསྐ་བ་དེ་འང་མ་རེད
སྐྱིད་ཟེར་བ་འདི་འབུ་སྦྲང་ཞིག་གི་རྒྱབ་ཀྱི་ཐིག་ལེ་རེད
ཕྱེ་མ་ལེབ་ཅིག་གི་མགོ་ཡི་རུ་ཐུར་རེད
 
གཙང་བོ་སྔོ་ཡོམ་ཡོམ་གྱིས་ལྡོག་འཕྲོས་སུ་བཞུར་གིན་འདུག
གཙང་བོ་སྟེང་གི་གྲུ་མཁན་དེས་ཕྱི་མིག་ལིང་ལིང་གི་ཁྲོད་ན
རླབས་གཉེར་ཡོད་ཚད་ཉི་ཟེར་རེད
ཉི་ཟེར་གྱི་རྩ་བ་དང་རྩེ་མོ་ཡོངས་རྫོགས་ཁྱོད་ཀྱི་ལོ་ཟླ་རེད
ཏག་ཏག་ལ་གནམ་གཤིས་འགྱུར་བའི་འོག་གི་གཙང་བོ་དེ
ང་ཁོ་ནས་མཐོང་བའི་མེ་དཔུང་ནག་པོ་དེ་མ་ཡིན་པར
འདུ་ཁང་གི་ཡང་སྟེང་ན་འཕུར་བའི་ལྷ་དང་ལྷ་མོ་དེ་ཡིན་པར་བཤད
 
ངས་ཞོགས་པ་དེ་རུ་རི་བོ་ཡོངས་རྫོགས་ཀྱི་བླ་དང་རུས་པ
གཙང་བོའི་ཁ་ལ་འབབ་པའི་སྨུག་འགྱུ་རེད་བསམས་མོད
དེ་ནི་བདག་གི་རྨི་ལམ་གྱི་ལོངས་སྤྱོད་ཅིག་ཏུ་བཤད་འདུག་པས
 དེ་ལྟའི་རྨི་ལམ་ཞིག་སླར་ཡང་ངས་རྨི་བར་ཤོག
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་སྔོ་ཡོམ་ཡོམ་གྱི་གཙང་བོར་འདྲི།

2010-10-02 ལྷམ་ཀོག ཀློག་གྲངས། མཆན ཡོད།

ཅིས་ཀྱང་འདྲི་འདོད་པ་དེ་ས་གཞི་ལ་འདྲི་འོས་པར་མཐོང
ས་གཞི་དང་གཙང་བོ་ནི་ལུས་དང་གྲིབ་མར་འབྲེལ་འདུག་པས
སྨུག་སྤྲིན་གྱི་གསེབ་ཀྱི་རྫི་གླུ་དེ་ཡང་སེམས་དང་འདྲ་བོ་རེད
མཉེན་པ་དང་ཡང་བ་འཇམ་པའི་གཤིས་ཀ་ཁོ་ནས་ཀྱང
སྟོན་ནམ་རིང་མོ་ཞིག་སྐྱིད་ལ་བསྐུར་འགྲོ
སྐྱིད་ཟེར་བ་འདི་མངར་བ་འང་མིན་ལ་བསྐ་བ་དེ་འང་མ་རེད
སྐྱིད་ཟེར་བ་འདི་འབུ་སྦྲང་ཞིག་གི་རྒྱབ་ཀྱི་ཐིག་ལེ་རེད
ཕྱེ་མ་ལེབ་ཅིག་གི་མགོ་ཡི་རུ་ཐུར་རེད
 
གཙང་བོ་སྔོ་ཡོམ་ཡོམ་གྱིས་ལྡོག་འཕྲོས་སུ་བཞུར་གིན་འདུག
གཙང་བོ་སྟེང་གི་གྲུ་མཁན་དེས་ཕྱི་མིག་ལིང་ལིང་གི་ཁྲོད་ན
རླབས་གཉེར་ཡོད་ཚད་ཉི་ཟེར་རེད
ཉི་ཟེར་གྱི་རྩ་བ་དང་རྩེ་མོ་ཡོངས་རྫོགས་ཁྱོད་ཀྱི་ལོ་ཟླ་རེད
ཏག་ཏག་ལ་གནམ་གཤིས་འགྱུར་བའི་འོག་གི་གཙང་བོ་དེ
ང་ཁོ་ནས་མཐོང་བའི་མེ་དཔུང་ནག་པོ་དེ་མ་ཡིན་པར
འདུ་ཁང་གི་ཡང་སྟེང་ན་འཕུར་བའི་ལྷ་དང་ལྷ་མོ་དེ་ཡིན་པར་བཤད
 
ངས་ཞོགས་པ་དེ་རུ་རི་བོ་ཡོངས་རྫོགས་ཀྱི་བླ་དང་རུས་པ
གཙང་བོའི་ཁ་ལ་འབབ་པའི་སྨུག་འགྱུ་རེད་བསམས་མོད
དེ་ནི་བདག་གི་རྨི་ལམ་གྱི་ལོངས་སྤྱོད་ཅིག་ཏུ་བཤད་འདུག་པས
 དེ་ལྟའི་རྨི་ལམ་ཞིག་སླར་ཡང་ངས་རྨི་བར་ཤོག
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།