མིའི་བེམ་པོ་ཟ་བའི་བྱ་རྒོད་འདི་ཚོ་ཅི་འདྲའི་སྙིང་རེ་རྗེ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-29


ལྷ་ཚོགས་ཀྱི་མདུན་ནས་འཇིག་རྟེན་གྱི་འཕུར་སོང་བ་དག
མ་འོངས་བར་སྔོན་བརྡ་གཏོང་བྱེད་ཀྱི་ལག་ཆ་ཞིག་ཡིན་འདུག
དེ་དུས་མི་སེམས་ཀྱི་ནང་སྙིང་ནས་སློག་གིན་སློག་ཀིན་ཡོང་བའི་
མི་ཡིས་ཆོས་བཀུར་ཞིང་ཆོས་ཀྱིས་ལམ་སྟོན་པའི་
འཇིག་རྟེན་བྱེད་པོའང་རྒས་དྲགས་ན།
བྱ་རྒོད་ནི་རི་ལུང་ཀུན་ཏུ་ཉུལ་མི་དགོས་བའི་དུས་གསུམ་གྱི་འཁོར་སྐྱོད་ནང་
་མིའི་བེམ་པོ་ཟ་བའི་ཆོས་ཀྱི་ལམ་སྣ་དང་བོ་རེད།

ལྐོག་གྱུར་བཞུར་སོང་བས་དད་འདུན་ལྷ་ལ་བཅོལ་ཡོད།
ཚེ་སྲོག་ཆད་སོང་བས་བེམ་རོ་རྒོད་ལ་བྱིན་ཡོད།
རྒོད་པོ་དང་མཉམ་དུ་ཕྱོགས་སོང་བའི་ཡོད་མེད་ཀྱི་རྣམ་ཤེས་དེའང་
བྱ་རྒོད་དང་མཉམ་དུ་འཕུར་ཅིག
ཁྱེད་ཀྱི་བེམ་པོ་དགས་གཙང་བྱེད་མཁན་དེ་བྱ་རྒོད་ཡིན་ལ།
ཁྱེད་ཀྱི་རྣམ་ཤེས་བདེ་བར་ཁྲིད་མཁན་དེ་རྒོད་པོ་ཡིན་འདུག
རྒོད་པོ་ནི་སུའི་ཚང་གི་སྒོ་འགྲམ་ན་ཁྱོད་ལ་སྒུག་ནས་ཡེ་ནས་མི་འདུག
མི་རོ་ཟ་བའི་བྱ་རྒོད།
རི་ཚོགས་ཀྱི་ནག་ཉེས་ཁོ་ནར་མ་འཛིན་ཅིག
དུར་ཁྲོད་ཀྱི་གནས་ན་བྱ་རྒོད་ནི་ཁྱེད་ཀྱི་མིག་ཟུང་བཞིན་གཅེས་ན།
བྱ་རྒོད་ཀྱིས་ནམ་ཡང་ཁྱོད་ལ་མི་རོ་གཅིག་ལྷག་ཏུ་འཇུག་མི་འདོད།
ངས་ནམ་ཡང་བྱ་རྒོད་ལ་བཀུར་བ་ནི་ལྷ་ལ་བཀུར་བ་ཡིན་ཞིང་།
ལྷ་ལ་བཀུར་ནས་ལྷ་ཡི་གོ་འཕང་ཐོབ་འདོད་པ་གཏན་ནས་མིན།
མིའི་བེམ་པོ་ཟ་བའི་དབང་གིས།
བྱ་རྒོད་ནི་ཇི་འདྲའི་སྙིང་རེ་རྗེ།
                                  ལན་ཀྲུ་ནས། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་བེམ་པོ་ཟ་བའི་བྱ་རྒོད་འདི་ཚོ་ཅི་འདྲའི་སྙིང་རེ་རྗེ།

2010-09-29 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།


ལྷ་ཚོགས་ཀྱི་མདུན་ནས་འཇིག་རྟེན་གྱི་འཕུར་སོང་བ་དག
མ་འོངས་བར་སྔོན་བརྡ་གཏོང་བྱེད་ཀྱི་ལག་ཆ་ཞིག་ཡིན་འདུག
དེ་དུས་མི་སེམས་ཀྱི་ནང་སྙིང་ནས་སློག་གིན་སློག་ཀིན་ཡོང་བའི་
མི་ཡིས་ཆོས་བཀུར་ཞིང་ཆོས་ཀྱིས་ལམ་སྟོན་པའི་
འཇིག་རྟེན་བྱེད་པོའང་རྒས་དྲགས་ན།
བྱ་རྒོད་ནི་རི་ལུང་ཀུན་ཏུ་ཉུལ་མི་དགོས་བའི་དུས་གསུམ་གྱི་འཁོར་སྐྱོད་ནང་
་མིའི་བེམ་པོ་ཟ་བའི་ཆོས་ཀྱི་ལམ་སྣ་དང་བོ་རེད།

ལྐོག་གྱུར་བཞུར་སོང་བས་དད་འདུན་ལྷ་ལ་བཅོལ་ཡོད།
ཚེ་སྲོག་ཆད་སོང་བས་བེམ་རོ་རྒོད་ལ་བྱིན་ཡོད།
རྒོད་པོ་དང་མཉམ་དུ་ཕྱོགས་སོང་བའི་ཡོད་མེད་ཀྱི་རྣམ་ཤེས་དེའང་
བྱ་རྒོད་དང་མཉམ་དུ་འཕུར་ཅིག
ཁྱེད་ཀྱི་བེམ་པོ་དགས་གཙང་བྱེད་མཁན་དེ་བྱ་རྒོད་ཡིན་ལ།
ཁྱེད་ཀྱི་རྣམ་ཤེས་བདེ་བར་ཁྲིད་མཁན་དེ་རྒོད་པོ་ཡིན་འདུག
རྒོད་པོ་ནི་སུའི་ཚང་གི་སྒོ་འགྲམ་ན་ཁྱོད་ལ་སྒུག་ནས་ཡེ་ནས་མི་འདུག
མི་རོ་ཟ་བའི་བྱ་རྒོད།
རི་ཚོགས་ཀྱི་ནག་ཉེས་ཁོ་ནར་མ་འཛིན་ཅིག
དུར་ཁྲོད་ཀྱི་གནས་ན་བྱ་རྒོད་ནི་ཁྱེད་ཀྱི་མིག་ཟུང་བཞིན་གཅེས་ན།
བྱ་རྒོད་ཀྱིས་ནམ་ཡང་ཁྱོད་ལ་མི་རོ་གཅིག་ལྷག་ཏུ་འཇུག་མི་འདོད།
ངས་ནམ་ཡང་བྱ་རྒོད་ལ་བཀུར་བ་ནི་ལྷ་ལ་བཀུར་བ་ཡིན་ཞིང་།
ལྷ་ལ་བཀུར་ནས་ལྷ་ཡི་གོ་འཕང་ཐོབ་འདོད་པ་གཏན་ནས་མིན།
མིའི་བེམ་པོ་ཟ་བའི་དབང་གིས།
བྱ་རྒོད་ནི་ཇི་འདྲའི་སྙིང་རེ་རྗེ།
                                  ལན་ཀྲུ་ནས། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།