མང་པོ་མང་པོ་ཞིག(ཁག་རྗེས་མ)


འགྱིག་གི་མུ་ཏིག་མང་།།
ཤིང་གི་མཛུབ་དཀྲིས་མང་།།
ཝུ་བའི་སྐེ་བརྒྱན་མང་།།
ཕྱི་སའི་དུས་ཚོད་མང་།།

དགོས་མེད་ཚོགས་འདུ་མང་།།
དུས་ཚོད་བརླག་པ་མང་།།
ཁ་པར་ཅོང་སྒྲ་མང་།།
ལབ་རྒྱུ་མེད་པ་མང་།།

ཕྱི་བལྟས་བསྡམས་པ་མང་།།
ནང་བལྟས་གྲོལ་བ་མང་།།
ཁ་ལ་ལྕགས་ཟྭ་མང་།།
སྟུ་ལ་འཁྲབ་རྒྱུ་མང་།།

བུད་མེད་ཁྱི་ཁྲིད་མང་།།
བྱིས་པ་ལྕགས་དྲུད་མང་།།
བླ་མ་རླིག་དྲུད་མང་།།
ཚོང་བ་འདྲེ་ཁྲིད་མང་།།

གྲྭ་སར་ཁོལ་ལི་མང་།།
སློབ་རར་སྦི་ཆང་མང་།།
འཐུང་རྗེས་རྩོད་པ་མང་།།
བརྩད་རྗེས་འཛིང་བ་མང་།།

མཐོ་སར་ས་ཡོམ་མང་།།
དམའ་སར་ཆུ་ལོག་མང་།།
གཤོང་སར་ཐན་པ་མང་།།
གང་སར་འཇིགས་པ་མང་།།

ཁ་ཆུ་ལྡག་མཁན་མང་།།
དུག་ཆུ་འཐུང་མཁན་མང་།།
དོང་ཆུ་རྐོ་མཁན་མང་།།
བདུད་རྩི་རྙོག་མཁན་མང་།།

བཅོས་མའི་སྙན་ངག་མང་།།
བརྫུས་མའི་མགུར་གླུ་མང་།།
བསླད་མའི་ལྟ་བ་མང་།།
བརྐུས་མའི་རིག་པ་མང་།།


ཆང་དང་དུ་བ་མང་།།
ལབ་དང་ཕྲ་མ་མང་།།
འུར་དང་ཟིང་ཆ་མང་།།
རྟགས་དང་སྟོན་མོ་མང་།།

མི་ཤེས་ཤེས་ཁུལ་མང་།།
ཤེས་པ་ཁོག་རུལ་མང་།།
རུལ་ཏེ་ཤི་བ་མང་།།
ཤི་རྗེས་བསྟོད་པ་མང་།།

མི་རབས་བགྲང་མཁན་མང་།།
མི་ལ་སྨོད་མཁན་མང་།།
མི་ལུས་དུད་གཟུགས་མང་།།
མི་ལ་རྫུན་མ་མང་།།

མང་བ་བགྲང་བགྲང་ན།།
ཉུང་བར་རིན་ཐང་ཆེ།།
རྨ་ཆུའི་ཉལ་རྒྱལ་ང་།།
མི་རབས་ལྔ་བ་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མང་པོ་མང་པོ་ཞིག(ཁག་རྗེས་མ)

2010-09-27 མི་གསལ། ཀློག་གྲངས། མཆན ཡོད།


འགྱིག་གི་མུ་ཏིག་མང་།།
ཤིང་གི་མཛུབ་དཀྲིས་མང་།།
ཝུ་བའི་སྐེ་བརྒྱན་མང་།།
ཕྱི་སའི་དུས་ཚོད་མང་།།

དགོས་མེད་ཚོགས་འདུ་མང་།།
དུས་ཚོད་བརླག་པ་མང་།།
ཁ་པར་ཅོང་སྒྲ་མང་།།
ལབ་རྒྱུ་མེད་པ་མང་།།

ཕྱི་བལྟས་བསྡམས་པ་མང་།།
ནང་བལྟས་གྲོལ་བ་མང་།།
ཁ་ལ་ལྕགས་ཟྭ་མང་།།
སྟུ་ལ་འཁྲབ་རྒྱུ་མང་།།

བུད་མེད་ཁྱི་ཁྲིད་མང་།།
བྱིས་པ་ལྕགས་དྲུད་མང་།།
བླ་མ་རླིག་དྲུད་མང་།།
ཚོང་བ་འདྲེ་ཁྲིད་མང་།།

གྲྭ་སར་ཁོལ་ལི་མང་།།
སློབ་རར་སྦི་ཆང་མང་།།
འཐུང་རྗེས་རྩོད་པ་མང་།།
བརྩད་རྗེས་འཛིང་བ་མང་།།

མཐོ་སར་ས་ཡོམ་མང་།།
དམའ་སར་ཆུ་ལོག་མང་།།
གཤོང་སར་ཐན་པ་མང་།།
གང་སར་འཇིགས་པ་མང་།།

ཁ་ཆུ་ལྡག་མཁན་མང་།།
དུག་ཆུ་འཐུང་མཁན་མང་།།
དོང་ཆུ་རྐོ་མཁན་མང་།།
བདུད་རྩི་རྙོག་མཁན་མང་།།

བཅོས་མའི་སྙན་ངག་མང་།།
བརྫུས་མའི་མགུར་གླུ་མང་།།
བསླད་མའི་ལྟ་བ་མང་།།
བརྐུས་མའི་རིག་པ་མང་།།


ཆང་དང་དུ་བ་མང་།།
ལབ་དང་ཕྲ་མ་མང་།།
འུར་དང་ཟིང་ཆ་མང་།།
རྟགས་དང་སྟོན་མོ་མང་།།

མི་ཤེས་ཤེས་ཁུལ་མང་།།
ཤེས་པ་ཁོག་རུལ་མང་།།
རུལ་ཏེ་ཤི་བ་མང་།།
ཤི་རྗེས་བསྟོད་པ་མང་།།

མི་རབས་བགྲང་མཁན་མང་།།
མི་ལ་སྨོད་མཁན་མང་།།
མི་ལུས་དུད་གཟུགས་མང་།།
མི་ལ་རྫུན་མ་མང་།།

མང་བ་བགྲང་བགྲང་ན།།
ཉུང་བར་རིན་ཐང་ཆེ།།
རྨ་ཆུའི་ཉལ་རྒྱལ་ང་།།
མི་རབས་ལྔ་བ་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།