ཆུང་འདྲིས་ལགས། བརྩེ་སེམས་གནང་རོགས།
བདག་གི་ཟླ་འོད་ཀྱིས་ཁྱོད་རང་ཕར་མཐར་རྗེས།
མེ་ཏོག་ཆུང་ཆུང་ཞིག་གི་ཐོབ་སྐལ་ཡང་བདག་ལ་ཧ་ཅང་དབེན།
ཁྱོད་རང་ཉིན་མོའི་དགྲ་གཅན་བཞིན།
དུས་ཀྱི་རྒྱུ་སྐར་ཁྲོད་སྐབས་ལ་ལར་མངོན་ཚེ།
རྔོན་པ་ཚོ་ཁ་གཏད་མེད་པའི་བེའུ་པ་བཞིན།
ཁྱོད་ཀྱི་རྩྭ་ཐང་ནས་ཕྱོགས་བཞིར་འཐོར།
ཆུང་འདྲིས་ལགས། བརྩེ་སེམས་གནང་རོགས།
ང་ཁྱོད་ཀྱི་རྩྭ་ཐང་ནས་བེའུ་བཞིན་འཁྱམ་ཞིང༌།
ལུ་གུ་བཞིན་ལྡང་སྟེ་འགྱེལ།
ཆུང་འདྲིས་ལགས། བརྩེ་སེམས་གནང་རོགས།
ཁྱོད་ཀྱི་བྱམས་པའི་མཐུ་སྣེ་ན།
སང་ཉིན་གྱི་ཟླ་འོད་ཡོད་ལགས།
ཆུང་འདྲིས་ལགས། བརྩེ་སེམས་གནང་རོགས།
ཟླ་འོད་དེའི་མཐུ་འོག་ནས་ཁྱོད་རང་རྒྱུ་སྐར་ཞིག་སྟེ།
ཉམ་ཆུང་བའི་འོད་སྣང་གི་བསླུ་བྲིད་འོག
སང་ཉིན་གྱི་སང་ཉིན་ལ་ཞེ་སེམས་ནས་འོ་ཞིག་གནང་རྗེས།
ང་རྒྱལ་གྱིས་ཕྱིར་ལ་ལོག་ཆོག
ཆུང་འདྲིས་ལགས། བརྩེ་སེམས་གནང་རོགས།
རྩོམ་ཁུངས། ངེད་དྲ་བ།