གྲྭ་བ་གྲྭ་རྐྱང་།

མཚན་ལྗོངས་འདིའི་ཕྱི་ནང་ཀུན་ཏུ
གནས་ཚང་དྲོན་མོ་ཞིག་ལ་ཡང་ཡང་སྒོམ་དུས
གྲྭ་རྐྱང་ངས     རང་ཉིད་ཀྱི་མེ་ལོང་ལ་སླར་ཡང་བལྟ་དགོས་བྱུང
ཅི་ཡང་མེད་པའི་སྔ་གཞུག་ལ་ཞིབ་འདང་རེ་བརྒྱབ་ན
རུས་གསེང་ནས་ན་ཟུག་ཞིག་ལངས་ལ
རྩེད་ར་ཆུང་ཆུང་ཞིག་གི་ངོ་གདོང་དམར་པོའང་དྲན་འོང
དོ་ནུབ     ཅི་ཞིག་ལ་ངང་སྒུག་བྱེད་པ་ནང་བཞིན
སུན་སྣང་གི་གོམ་ཁ་ཡུན་གྱིས་ལྷོད་དུས
བདག་གི་རྣ་ལམ་དུ་མཆེད་པའི་རྡོག་སྒྲ་ལྕི་མོ་དེ
གློ་བུར་དུ      ཁེར་རྐྱང་གིས་གྲགས་འོང་བ་ཚོར
 
ཟླ་འོད་ཀྱི་མཛེས་སྡུག་གྱོན་པའི་རྡོ་གཅལ་སྟེང
མི་ལོ་བཅོ་ལྔའི་ལང་ཚོ་ཚོར་མེད་དུ་ཡལ་བ་རྟོགས་རྗེས
ངས    ཡང་བསྐྱར་གཟན་སྣེ་འཐེན་ཙམ་བྱས་ཏེ
རྣམ་ཤེས་གྲངས་མེད་རུམ་པའི་རྡོ་གཅལ་ལ་ཡང་ཡང་ཅེར
 
གསལ་ལ་མི་གསལ་བའི་ཕུག་རོན་གྱི་ངུ་སྐད་ཁྲོད
ལྷ་ཚོགས་སྔས་མགོར་རེ་སྨོན་བསྟར་ནའང
ལྷོ་བཞུད་ཀྱི་བྱ་ཁྱུའི་ལས་དབང་ནག་པོ
གྲྭ་རྐྱང་ངའི     སྙིང་དབུས་སུ་བཞུར་བའི་མིག་ཆུ་བཞིན་ཧ་ཅང་འཁྱག
ཨ་ཨ    དཀོན་མཆོག་མཁྱེན
འཚོ་སྟངས་འདིས་བསླུས་པ་མིན་ན
ཁེར་རྐྱང་གི་སྐྱོ་ངལ་བརྩེགས་མི་འདོད་ཨང
                                                      ༢༠༠༨ལོའི་ཟླ༦ཚེས༡༢ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བ་གྲྭ་རྐྱང་།

2010-09-04 དཔལ་བེའུ། ཀློག་གྲངས། མཆན ཡོད།

མཚན་ལྗོངས་འདིའི་ཕྱི་ནང་ཀུན་ཏུ
གནས་ཚང་དྲོན་མོ་ཞིག་ལ་ཡང་ཡང་སྒོམ་དུས
གྲྭ་རྐྱང་ངས     རང་ཉིད་ཀྱི་མེ་ལོང་ལ་སླར་ཡང་བལྟ་དགོས་བྱུང
ཅི་ཡང་མེད་པའི་སྔ་གཞུག་ལ་ཞིབ་འདང་རེ་བརྒྱབ་ན
རུས་གསེང་ནས་ན་ཟུག་ཞིག་ལངས་ལ
རྩེད་ར་ཆུང་ཆུང་ཞིག་གི་ངོ་གདོང་དམར་པོའང་དྲན་འོང
དོ་ནུབ     ཅི་ཞིག་ལ་ངང་སྒུག་བྱེད་པ་ནང་བཞིན
སུན་སྣང་གི་གོམ་ཁ་ཡུན་གྱིས་ལྷོད་དུས
བདག་གི་རྣ་ལམ་དུ་མཆེད་པའི་རྡོག་སྒྲ་ལྕི་མོ་དེ
གློ་བུར་དུ      ཁེར་རྐྱང་གིས་གྲགས་འོང་བ་ཚོར
 
ཟླ་འོད་ཀྱི་མཛེས་སྡུག་གྱོན་པའི་རྡོ་གཅལ་སྟེང
མི་ལོ་བཅོ་ལྔའི་ལང་ཚོ་ཚོར་མེད་དུ་ཡལ་བ་རྟོགས་རྗེས
ངས    ཡང་བསྐྱར་གཟན་སྣེ་འཐེན་ཙམ་བྱས་ཏེ
རྣམ་ཤེས་གྲངས་མེད་རུམ་པའི་རྡོ་གཅལ་ལ་ཡང་ཡང་ཅེར
 
གསལ་ལ་མི་གསལ་བའི་ཕུག་རོན་གྱི་ངུ་སྐད་ཁྲོད
ལྷ་ཚོགས་སྔས་མགོར་རེ་སྨོན་བསྟར་ནའང
ལྷོ་བཞུད་ཀྱི་བྱ་ཁྱུའི་ལས་དབང་ནག་པོ
གྲྭ་རྐྱང་ངའི     སྙིང་དབུས་སུ་བཞུར་བའི་མིག་ཆུ་བཞིན་ཧ་ཅང་འཁྱག
ཨ་ཨ    དཀོན་མཆོག་མཁྱེན
འཚོ་སྟངས་འདིས་བསླུས་པ་མིན་ན
ཁེར་རྐྱང་གི་སྐྱོ་ངལ་བརྩེགས་མི་འདོད་ཨང
                                                      ༢༠༠༨ལོའི་ཟླ༦ཚེས༡༢ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།