གསལ་འདེབས།

ཀ་ཁ་སུམ་ཅུས་བསྐྲུན་པའི་རིག་གནས་འདི།།
ཁ་བ་ཅན་གྱི་བླ་རི་སྨུག་པོ་ཡིན།།
ག་ནས་བལྟས་ཀྱང་རིན་ཐང་མི་དམན་པས།།
ང་ཚོས་བླ་རི་བདག་བཟུང་བྱས་ན་འོས།།
ཅ་དག་སྐད་དང་ཡི་གེ་མི་སློབ་པར །།
ཆ་ལུགས་ཕྱི་གོས་ཙམ་གྱིས་བོད་ཟེར་ན།།
ཇ་ཆང་མཉམ་བསྲེས་བྱས་པའི་བཏུང་བ་ལྟར།།
ཉ་ཉོག་འདྲེས་པའི་ཚོར་བ་ཅིས་མི་སྟེར།།
ཏ་ལའི་ཀློང་དུ་ཆུ་སྣ་འདུས་པ་ལྟར།།
ཐ་དད་སྐད་རིགས་ཤེས་ན་བཟང་མོད་ཀྱང་།།
ད་ལྟ་རང་སྐད་རང་གིས་མ་བསླབས་ན།།
ན་གཞོན་ང་ཚོ་མེས་པའི་ཞབས་འདྲེན་ཡིན།།
པ་པ་ཨ་མ་བསྲེས་ན་སྙན་རྒྱུ་མེད།།
ཕ་མེས་ཤུལ་འཛིན་མ་ཉན་བུ་རབ་མིན།།
བ་འབྲི་སྡེབ་པའི་རིགས་རྒྱུད་ཕུང་གསུམ་ཞིག།
མ་འགྱངས་གངས་རིའི་སུལ་དུ་འབྱུང་ཉེན་ཆེ།།
ཙ་རིའི་ཡུལ་ལྗོངས་མ་འགྱུར་སྔོན་ལྟར་བཀྲ།
ཚ་གྲང་ནམ་ཟླའི་ཆོས་ཉིད་མ་ལོག་ཀྱང་།།
ཛ་ཡའི་གསུང་རབ་དར་བའི་ཡུལ་ཁམས་འདིར།།
ཝ་མ་ཝོལ་ལ་གཞན་རྗེས་སྨོན་པ་མང་།།
ཞྭ་མོ་གོས་རྒྱན་ཙམ་གྱིས་བོད་རིགས་མིན།།
ཟ་འཐུང་སུན་གྱི་སྤྱི་མཐུན་རིག་གནས་འདིས།།
འ་ཅག་གངས་ཅན་པ་ཡི་ཆོས་མཚོན་པས།།
ཡ་ཐོད་གཙུག་ནས་འདང་རེ་བརྒྱག་རན་རེད།།
ར་ལུག་འཚོ་སྐྱོང་ལས་ལ་བསྐོས་པ་མིན།།
ལ་རྒྱ་བསམས་ན་རིག་པའི་གནས་ལ་སྦྱོངས།།
ཤ་ཚ་ཆེ་ན་བུ་ལ་ཡོན་ཏན་སློབས།།
ས་སྟེང་མིའི་རིགས་གྲལ་དུ་ཚུད་ན་ལེགས།།
ཧ་ཅང་རིན་ཐང་ཆེ་བའི་རིག་གནས་འདི།།
ཧ་ལམ་སྟོང་ལ་ཉེ་བ་འདི་མཐོང་ཚེ། །
ཨ་ཙི་སྙིང་ཁོང་རུས་པས་མ་བཟོད་པས།།
ཨ་རོགས་སྤུན་ཟླའི་སྙན་དུ་གསལ་ཞིག་བཏབ།།
                            ༢༠༠༨. ༧.༧ ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསལ་འདེབས།

2010-09-04 ཀ་སར་དོན་ཚེ། ཀློག་གྲངས། མཆན ཡོད།

ཀ་ཁ་སུམ་ཅུས་བསྐྲུན་པའི་རིག་གནས་འདི།།
ཁ་བ་ཅན་གྱི་བླ་རི་སྨུག་པོ་ཡིན།།
ག་ནས་བལྟས་ཀྱང་རིན་ཐང་མི་དམན་པས།།
ང་ཚོས་བླ་རི་བདག་བཟུང་བྱས་ན་འོས།།
ཅ་དག་སྐད་དང་ཡི་གེ་མི་སློབ་པར །།
ཆ་ལུགས་ཕྱི་གོས་ཙམ་གྱིས་བོད་ཟེར་ན།།
ཇ་ཆང་མཉམ་བསྲེས་བྱས་པའི་བཏུང་བ་ལྟར།།
ཉ་ཉོག་འདྲེས་པའི་ཚོར་བ་ཅིས་མི་སྟེར།།
ཏ་ལའི་ཀློང་དུ་ཆུ་སྣ་འདུས་པ་ལྟར།།
ཐ་དད་སྐད་རིགས་ཤེས་ན་བཟང་མོད་ཀྱང་།།
ད་ལྟ་རང་སྐད་རང་གིས་མ་བསླབས་ན།།
ན་གཞོན་ང་ཚོ་མེས་པའི་ཞབས་འདྲེན་ཡིན།།
པ་པ་ཨ་མ་བསྲེས་ན་སྙན་རྒྱུ་མེད།།
ཕ་མེས་ཤུལ་འཛིན་མ་ཉན་བུ་རབ་མིན།།
བ་འབྲི་སྡེབ་པའི་རིགས་རྒྱུད་ཕུང་གསུམ་ཞིག།
མ་འགྱངས་གངས་རིའི་སུལ་དུ་འབྱུང་ཉེན་ཆེ།།
ཙ་རིའི་ཡུལ་ལྗོངས་མ་འགྱུར་སྔོན་ལྟར་བཀྲ།
ཚ་གྲང་ནམ་ཟླའི་ཆོས་ཉིད་མ་ལོག་ཀྱང་།།
ཛ་ཡའི་གསུང་རབ་དར་བའི་ཡུལ་ཁམས་འདིར།།
ཝ་མ་ཝོལ་ལ་གཞན་རྗེས་སྨོན་པ་མང་།།
ཞྭ་མོ་གོས་རྒྱན་ཙམ་གྱིས་བོད་རིགས་མིན།།
ཟ་འཐུང་སུན་གྱི་སྤྱི་མཐུན་རིག་གནས་འདིས།།
འ་ཅག་གངས་ཅན་པ་ཡི་ཆོས་མཚོན་པས།།
ཡ་ཐོད་གཙུག་ནས་འདང་རེ་བརྒྱག་རན་རེད།།
ར་ལུག་འཚོ་སྐྱོང་ལས་ལ་བསྐོས་པ་མིན།།
ལ་རྒྱ་བསམས་ན་རིག་པའི་གནས་ལ་སྦྱོངས།།
ཤ་ཚ་ཆེ་ན་བུ་ལ་ཡོན་ཏན་སློབས།།
ས་སྟེང་མིའི་རིགས་གྲལ་དུ་ཚུད་ན་ལེགས།།
ཧ་ཅང་རིན་ཐང་ཆེ་བའི་རིག་གནས་འདི།།
ཧ་ལམ་སྟོང་ལ་ཉེ་བ་འདི་མཐོང་ཚེ། །
ཨ་ཙི་སྙིང་ཁོང་རུས་པས་མ་བཟོད་པས།།
ཨ་རོགས་སྤུན་ཟླའི་སྙན་དུ་གསལ་ཞིག་བཏབ།།
                            ༢༠༠༨. ༧.༧ ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།