མེ་ལོང་ནང་གི་སྣང་བ།

འཇིག་རྟེན་འཁོར་བའི་བྲེལ་བྲེལ་འཚུབ་འཚུབ་ཀྱི་ཀློང་ནས།།
ཡ་མ་གཡེང་གིས་འགྲོ་བའི་མི་ཚོགས་ཀྱི་གཞོགས་སུ།།
ཡར་ཡར་གཏད་པའི་གོམ་པ་མར་མར་དུ་དྲུད་འགྲོ།།
མར་མར་འཐེན་པའི་སེམས་པ་གྲང་ངར་གྱིས་བསྡམས་ཡོང༌།།

མི་ཚུགས་བོར་བའི་མི་ཚོགས་ལང་ལོང་དུ་འཕྱུར་དུས།།
མི་རྒན་མགོ་མཁྲེགས་དག་གི་མིག་ནང་ནས་བུད་པའི།།
ན་གཞོན་སྤོབས་པ་ཅན་ཚོ་མི་ཁ་ཡིས་དེད་དེ།།
རང་གི་སྤྱིལ་བུ་ལེབ་མོ་འཇིགས་སྣང་གིས་ཁེངས་ཡོང༌།།

རི་བོ་ཆེན་པོ་འདི་ཡི་ཕྱི་རོལ་གྱི་སྣང་བས།།
སེམས་པ་ཤ་རློན་འདྲ་བོ་འཕྲོག་འཕྲོག་ཏུ་བྱས་ཏེ།།
ས་གོག་ལུང་ཀྱོག་བསྡེབས་པའི་ཕ་གཞིས་སུ་ལུས་དུས།།
བྲེལ་འཚུབ་ལྷག་ལྷོག་ལྡང་བ་སྤྲིན་དཀར་གྱི་གྲོགས་ཡིན།།

ཁེར་རྐྱང་བསྲུངས་པའི་ཁང་མིག་འཁྱག་འཁྱག་ཏུ་སྣང་ཡང༌།།
རང་ལ་དབང་བ་འདི་དག་ཡོད་ཡོད་དུ་འཁུམས་ཏེ།།
དུས་ཀྱི་འཕོ་འགྱུར་བརྒལ་བའི་སྤོབས་པ་ཤིག་བཏེག་ནས།།
མི་ཁ་ཟེར་བའི་དར་དེ་མཛེས་སྡུག་ཏུ་འཁྱེར་ཆོག།

རླུང་བུ་གཡུག་པས་ཁྲོམ་སྲང་གཙང་དག་ཏུ་ཕྱག་འགྲོར།།
མི་ཚོགས་འདུས་པའི་ཕ་གཞིས་གད་སྙིགས་ཀྱིས་ཁེངས་ཡོང༌།།
སེམས་སུ་ཇ་རྩམ་བསོགས་པའི་མི་ཚོགས་ཀྱི་ཀློང་དུ།།
ཀུ་ཅོ་འདོན་པའི་སྟག་ཤར་ག་ཚོད་ཅིག་འདུག་གམ།།

དུས་ཀྱི་འཕོ་འགྱུར་ཀློང་ན་ཆག་རོམ་དུ་སྦྲུམ་པའི།།
གྲག་མེད་འགུལ་མེད་འཛད་པའི་ཕ་ཡུལ་གྱི་གཞོགས་སུ།།
ཁ་ཁུ་སིམ་མེར་གནས་པའི་ཕྱི་ཚུལ་འདི་མཐོང་དུས།།
ན་གཞོན་སྙིང་སྟོབས་ཅན་དག་འདུག་སྡོད་རང་མི་འདུག།

ན་གཞོན་ཟེར་བ་དུས་ཀྱི་སྣང་བ་ཡིས་ཁྱེར་ཏེ།།
ཤེས་རབ་རལ་གྲི་གཡུག་པའི་གོ་སྐབས་ཤིག་བྱུང་ན།།
བླུན་པོ་མགོ་མཁྲེགས་དག་གི་སྲོག་དབང་དུ་གཏད་དེ།།
རང་རང་སོ་སོས་བདམས་པའི་འཇིག་རྟེན་དུ་ཆས་འགྲོ།

དཔྱོད་ཤེས་མིག་གིས་རྒྱལ་ཁམས་སྟོབས་ལྡན་དུ་བལྟས་ཏེ།།
རང་སེམས་རློན་པ་ཕ་གཞིས་གོར་མོ་རུ་གླན་ནས།།
རྒྱང་བསྐྱོད་མདུན་པ་རི་རབ་རྩེ་མོ་རུ་བཏེགས་ཏེ།།
དུས་དང་མཐུན་པའི་འབོད་པ་བར་མེད་དུ་བསྒྲག་ཆོག།
                                  ༢༠༡༠ལོའི་ཟླ༢པའི་༢༨ཉིན་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ནང་གི་སྣང་བ།

2010-09-02 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།