བརྩེ་དུང་གི་རླབས་སྒྲ།

ཤེས་བརྩོན་རྟ་པོ་ལ་བཅིབ་ནས། །
རིག་པའི་གླིང་ག་རུ་འགྲིམ་པའི། །
སྙིང་སྡུག་དབུས་གཙང་གི་བུ་མོ། །
ཞིམ་མངར་བརྩེ་བ་དེ་ཨེ་རོལ། །
 
མཛེས་འཛུམ་སྙིང་གསེབ་ལ་ཟུག་སོང༌། །
དགོད་སྒྲ་རྣ་ལམ་དུ་འཁོར་ནས། །
ཁྱོད་ལ་དུང་སེམས་ཀྱི་སྐུད་པ། །
སེམས་ཀྱི་བུ་ཆུང་ལ་མདུད་ཡོད། །
 
འགོག་མེད་བརྩེ་དུང་གི་གཞིས་ཁྱིམ། །
ཁྱོད་དང་ངེད་གཉིས་ཀྱིས་འཛུགས་དང༌། །
འཇིག་རྟེན་མི་ཡུལ་གྱི་བདེ་སྐྱིད། །
ང་དང་ཁྱོད་གཉིས་ཀྱི་བཞེས་ཆོག །
 
གྲོགས་ལ་དུངས་སེམས་འདི་མེད་ན། །
བརྩེ་བའི་རིན་ཐང་དེ་མི་གླེང༌། །
གཏམ་ངན་མྱི་ཁ་ཡི་མདའ་མོ། །
སྙིང་ལ་རྡབ་པ་དང་མཚུངས་སོ། །
 
ཁ་པར་མ་གཏོང་ཞིང་མ་གསུངས། །
ཁོམ་ལོང་མེད་ཀི་དེ་མ་ཟེར། །
ཁ་ཁོག་གཉིས་མེད་ཀི་གསང་བ། །
ཁྱོད་ལ་བརྗོད་པ་ཞིག་མིན་ནམ། །
 
ང་ལ་མཁོ་བ་དེ་སེམས་ཡིན། །
ཁྱེད་ལ་མཁོ་བ་དེ་དངུལ་རེད། །
འཇིག་རྟེན་མི་ཡུལ་གྱི་ཁམས་ནས། །
བསམ་པའི་འགྲོ་ཕྱོགས་དེ་ཁ་ཁ།།
 
སེམས་དང་སེམས་པ་འདི་འདྲིས་ན། །
དབུ་མནའ་བཞེས་པ་ཡང་མི་དགོས། །
ལས་དང་ལས་དབང་དེ་མཐུན་ན། །
སྐྱབས་འཇུག་དཀོན་མཆོག་ལ་ཞུ་ཆོག །
 
ང་ཡི་རྔུལ་དཀར་མཛུབ་དཀྲིས། །
ཁྱེད་ལ་ཕུལ་འདོད་ཅིག་ཆེ་མོད། །
རང་གི་ལས་དབང་འདི་བསམ་ན། །
འདོད་པའི་རེ་བ་དེ་མི་འགྲུབ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་རླབས་སྒྲ།

2010-08-27 ལྷོ་སྤྲིན ཀློག་གྲངས། མཆན ཡོད།

ཤེས་བརྩོན་རྟ་པོ་ལ་བཅིབ་ནས། །
རིག་པའི་གླིང་ག་རུ་འགྲིམ་པའི། །
སྙིང་སྡུག་དབུས་གཙང་གི་བུ་མོ། །
ཞིམ་མངར་བརྩེ་བ་དེ་ཨེ་རོལ། །
 
མཛེས་འཛུམ་སྙིང་གསེབ་ལ་ཟུག་སོང༌། །
དགོད་སྒྲ་རྣ་ལམ་དུ་འཁོར་ནས། །
ཁྱོད་ལ་དུང་སེམས་ཀྱི་སྐུད་པ། །
སེམས་ཀྱི་བུ་ཆུང་ལ་མདུད་ཡོད། །
 
འགོག་མེད་བརྩེ་དུང་གི་གཞིས་ཁྱིམ། །
ཁྱོད་དང་ངེད་གཉིས་ཀྱིས་འཛུགས་དང༌། །
འཇིག་རྟེན་མི་ཡུལ་གྱི་བདེ་སྐྱིད། །
ང་དང་ཁྱོད་གཉིས་ཀྱི་བཞེས་ཆོག །
 
གྲོགས་ལ་དུངས་སེམས་འདི་མེད་ན། །
བརྩེ་བའི་རིན་ཐང་དེ་མི་གླེང༌། །
གཏམ་ངན་མྱི་ཁ་ཡི་མདའ་མོ། །
སྙིང་ལ་རྡབ་པ་དང་མཚུངས་སོ། །
 
ཁ་པར་མ་གཏོང་ཞིང་མ་གསུངས། །
ཁོམ་ལོང་མེད་ཀི་དེ་མ་ཟེར། །
ཁ་ཁོག་གཉིས་མེད་ཀི་གསང་བ། །
ཁྱོད་ལ་བརྗོད་པ་ཞིག་མིན་ནམ། །
 
ང་ལ་མཁོ་བ་དེ་སེམས་ཡིན། །
ཁྱེད་ལ་མཁོ་བ་དེ་དངུལ་རེད། །
འཇིག་རྟེན་མི་ཡུལ་གྱི་ཁམས་ནས། །
བསམ་པའི་འགྲོ་ཕྱོགས་དེ་ཁ་ཁ།།
 
སེམས་དང་སེམས་པ་འདི་འདྲིས་ན། །
དབུ་མནའ་བཞེས་པ་ཡང་མི་དགོས། །
ལས་དང་ལས་དབང་དེ་མཐུན་ན། །
སྐྱབས་འཇུག་དཀོན་མཆོག་ལ་ཞུ་ཆོག །
 
ང་ཡི་རྔུལ་དཀར་མཛུབ་དཀྲིས། །
ཁྱེད་ལ་ཕུལ་འདོད་ཅིག་ཆེ་མོད། །
རང་གི་ལས་དབང་འདི་བསམ་ན། །
འདོད་པའི་རེ་བ་དེ་མི་འགྲུབ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།