དུས་ཀྱི་རོ་ལངས།

ལྕགས་ཐར་རྩེ་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-26

                    _________འབྲུག་ཆུའི་ཆུ་རུད་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་མི་རིགས་ལ་ཕུལ་བ།
འདི་ལྟར།  རོ་ལངས་བརྒྱབ་འདྲའི།  
འཇིག་རྟེན་སྟེང་འོག་བརྗེས་འདྲའི་ཆོམ་སྒྲ་དུ་མ།
སྐད་ཅིག་སྐད་ཅིག་ཏུ་འཁྱུག་པས།
རྨི་ལམ་སིལ་བུར་འཐོར་བའི་འོ་དོད་འཇིགས་སུ་རུང༌།
དུས་ཚོད་ཀྱིས་རྨས་ཚར་བའི་བསྐལ་བའི་དབྱིངས་རིམ་ན།
ས་ཆེན་པོ་ངུ་ཤུམ་གྱིས་འདར་ཞིང་སེམས་དམར་པོ་ན་ཟུག་གིས་སྨྱོ

བུད་སོང༌།  འཁང་ར་དང་ཁ་ཆེམས་ཅི་ཡང་མེད་པར།
བུད་སོང༌།  མཆི་མ་དང་འུར་ཆོམ་ཁྲོག་གེར།
རླུང་འཚུབ་ཀྱིས་རླུང་རྟ་སྤུར་བ་བཞིན་བུད་སོང༌།
བརྙན་འཕྲིན་དང་རྒྱང་སྒྲོག  ཚགས་པར།
ཡང་ན་གདུང་སེམས་ཀྱི་མིག་ཀོང་དུའང༌།
ལོ་ཟླ་འཁྱོག་པོར་གཅུ་བའི་སྙིགས་བདོ་མེ་རི་བཞིན་མཆེད་ཅིང༌།
ལས་དབང་གོད་ཆག་གིས་བསླུས་པའི་དངངས་སྐྲག་ཐོག་བཞིན་འབབ།

འབྲུག་ཆུ།  བསྐལ་བའི་རོ་ལངས་ཐེངས་ཤིག་གིས།
སྔོ་ཡུག་ཡུག་གི་ནམ་མཁར་དྲག་དྲོན་དང་ཟུངས་ཁྲག་འབབ་ཅིང༌།
མྱ་ངན་གྱིས་དུད་པའི་ལྷ་དགའ་རི་བོ་ཡང༌།
ཆག་འཇིག་གི་ལོ་ཟླ་འདིའི་ཐ་མའི་ཡུལ་ལྗོངས་ན།
ཨུ་ཚུགས་ཀྱི་ངག་སྒོ་དམ་དུ་བསྡམ་ནས་ཉམ་ཆུང་གིས་འཚོ་ཨང༌།་

དེ་རིང༌།  ཚེ་སྲོག་དང་གནམ་གཤིས་ལ་སྔོན་བརྡ་མེད་ཀྱང༌།
ང་ཚོས་བསྔོ་བ་དང་སྨོན་ལམ་གྱི་ལམ་རྫོངས་ཅི་ཡང་བཏེགས་ནས།
མངོན་ཆུང་ངང་ཁྱོད་དང་ཁ་གཏད་དུ་འགྲེང་ཡོད།
ཡོད་ཚད་སོང་ཤུལ་དུ། 
སྐྱོ་ངལ་ཁྲི་ཕྲག་གིས་སྤྲིན་བཞིན་འཕྱོ་བའི་འབྲུག་དཀར་གཙང་པོ།
མུན་པ་ནག་པོ་འདིར་འཁེན་ནས་ཆིག་ལབ་རྒྱག་ཅིང་མཆི་མ་བཞུར།
ཡོད་ཚད་སོང་ཤུལ་དུ།
སྙན་ངག་དང་གླུ་སྐད་དུ་ན་ཟུག་དང་ཟུངས་ཁྲག་ལྷན་དུ་འཁྱིལ་ཞིང༌།་
མཛའ་གཞས་དང་སེམས་གསོ་ལམ་ལམ་འཚེར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཀྱི་རོ་ལངས།

2010-08-26 ལྕགས་ཐར་རྩེ་རྒོད། ཀློག་གྲངས། མཆན ཡོད།

                    _________འབྲུག་ཆུའི་ཆུ་རུད་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་མི་རིགས་ལ་ཕུལ་བ།
འདི་ལྟར།  རོ་ལངས་བརྒྱབ་འདྲའི།  
འཇིག་རྟེན་སྟེང་འོག་བརྗེས་འདྲའི་ཆོམ་སྒྲ་དུ་མ།
སྐད་ཅིག་སྐད་ཅིག་ཏུ་འཁྱུག་པས།
རྨི་ལམ་སིལ་བུར་འཐོར་བའི་འོ་དོད་འཇིགས་སུ་རུང༌།
དུས་ཚོད་ཀྱིས་རྨས་ཚར་བའི་བསྐལ་བའི་དབྱིངས་རིམ་ན།
ས་ཆེན་པོ་ངུ་ཤུམ་གྱིས་འདར་ཞིང་སེམས་དམར་པོ་ན་ཟུག་གིས་སྨྱོ

བུད་སོང༌།  འཁང་ར་དང་ཁ་ཆེམས་ཅི་ཡང་མེད་པར།
བུད་སོང༌།  མཆི་མ་དང་འུར་ཆོམ་ཁྲོག་གེར།
རླུང་འཚུབ་ཀྱིས་རླུང་རྟ་སྤུར་བ་བཞིན་བུད་སོང༌།
བརྙན་འཕྲིན་དང་རྒྱང་སྒྲོག  ཚགས་པར།
ཡང་ན་གདུང་སེམས་ཀྱི་མིག་ཀོང་དུའང༌།
ལོ་ཟླ་འཁྱོག་པོར་གཅུ་བའི་སྙིགས་བདོ་མེ་རི་བཞིན་མཆེད་ཅིང༌།
ལས་དབང་གོད་ཆག་གིས་བསླུས་པའི་དངངས་སྐྲག་ཐོག་བཞིན་འབབ།

འབྲུག་ཆུ།  བསྐལ་བའི་རོ་ལངས་ཐེངས་ཤིག་གིས།
སྔོ་ཡུག་ཡུག་གི་ནམ་མཁར་དྲག་དྲོན་དང་ཟུངས་ཁྲག་འབབ་ཅིང༌།
མྱ་ངན་གྱིས་དུད་པའི་ལྷ་དགའ་རི་བོ་ཡང༌།
ཆག་འཇིག་གི་ལོ་ཟླ་འདིའི་ཐ་མའི་ཡུལ་ལྗོངས་ན།
ཨུ་ཚུགས་ཀྱི་ངག་སྒོ་དམ་དུ་བསྡམ་ནས་ཉམ་ཆུང་གིས་འཚོ་ཨང༌།་

དེ་རིང༌།  ཚེ་སྲོག་དང་གནམ་གཤིས་ལ་སྔོན་བརྡ་མེད་ཀྱང༌།
ང་ཚོས་བསྔོ་བ་དང་སྨོན་ལམ་གྱི་ལམ་རྫོངས་ཅི་ཡང་བཏེགས་ནས།
མངོན་ཆུང་ངང་ཁྱོད་དང་ཁ་གཏད་དུ་འགྲེང་ཡོད།
ཡོད་ཚད་སོང་ཤུལ་དུ། 
སྐྱོ་ངལ་ཁྲི་ཕྲག་གིས་སྤྲིན་བཞིན་འཕྱོ་བའི་འབྲུག་དཀར་གཙང་པོ།
མུན་པ་ནག་པོ་འདིར་འཁེན་ནས་ཆིག་ལབ་རྒྱག་ཅིང་མཆི་མ་བཞུར།
ཡོད་ཚད་སོང་ཤུལ་དུ།
སྙན་ངག་དང་གླུ་སྐད་དུ་ན་ཟུག་དང་ཟུངས་ཁྲག་ལྷན་དུ་འཁྱིལ་ཞིང༌།་
མཛའ་གཞས་དང་སེམས་གསོ་ལམ་ལམ་འཚེར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།