ལྷམ་ཀོག་གི་སྙན་ངག་རིང་མོའི་ཁག་ཕྱི་མ།

གྲྭ་ཤག་གི་མདུན་གྱི་སྡོང་བོ་དེ་ནི
གྲྭ་རྐྱང་གི་མ་འོངས་པ་ཡིན་ཞིང
སྡོང་བོའི་རྩེ་ནས་ལོ་མ་ག་ཙམ་ཐོར་བ་དེ་ལྟར
ཁོའི་མི་ཚེ་ཡི་ལོ་ཟླ་ཡང་ཐོར་གྱིན་ཡོད
 
སུ་ཞིག་གིས་ཁོའི་རུས་པ་སྤར་མོ་གང་བོ་གཙང་བོ་ལ་འདེབས་སྲིད་དམ
སུ་ཞིག་གིས་ཁོའི་གྲྭ་ཤག་འདི་ནས་མ་ཎི་འདོན་སྲིད་དམ
 
ཚོགས་ཆེན་འདུ་ཁང་ན་ལུས་པའི་ཞྭ་མོ་དང་ཟླ་གམ
ཤིང་ཕོར་གྱི་ཅ་ནེ་སོགས་འཁོས་ཀ་ཆུང་བའི་དངོས་པོ་དེ་དག་ལ
གཙང་སྦྲ་བྱེད་མཁན་མེད་པའི་ངང
ནམ་ཞིག་གི་དུས་སུ་གྲྭ་རྐྱང་འདི་སྒོ་ཡི་ཕྱི་རོལ་གྱི་ལྷ་ས་ལ་འགྲོ་འམ
 
གྲྭ་རྐྱང་གི་གྱང་ལྡེབས་ངོས་སུ་བྲིས་པའི་སྲིད་པའི་འཁོར་ལོ་ཆ་ལྔ་བ་དེ་དང
འདོད་པའི་ལང་ཚོ་ལ་ཞེ་སྣང་བསྐུར་བའི་ཀེང་རུས་ཀྱི་གཟུགས་བརྙན་དག་ནི
དུས་རྟག་པར་ཁོ་ལ་སློབ་གསོ་སྤྲོད་པའི་གཟུགས་མེད་ཀྱི་སློབ་དཔོན་ཡིན་རུང
རང་གི་གྲིབ་གཟུགས་ཁོ་ན་ལས་བརྟེན་ས་འཁེན་ས་མེད་པའི་ཚོར་བ་རྒྱ་ཡན་པ་དེས
མཚམས་རེར་དབུགས་ཀྱི་གཏོང་ལེན་ལ་སྐྱོ་བ་ཁོ་ན་སྟེར་གྱིན་ཡོད
 
སྐབས་རེར་མལ་གོས་ལ་ལྕི་སྣང་ཤར་བའི་མྱ་ངན་དང
འཚོ་བར་གཏད་སོ་བྲལ་བའི་སྐྱོ་ཡུས་ཀྱི་ཀློང་དུ
རྨི་ལམ་གང་འདྲ་ཞིག་གཏོང་གིན་མགོ་བོ་སྔས་ལ་འཇོག་པར་འཚེར་སྣང་སྐྱེས་བྱུང
 
འཇིག་རྟེན་ལ་སྙིང་བོ་མེད་པར་དཔྱད་དཔྱད་པའི་མཐའ་མར
རང་ཉིད་ཀྱང་བདག་མེད་ཀྱི་གླེགས་བམ་དུ་དངོས་སུ་འཐིམ་མགོ་ཚུགས་དུས
སྟོང་བསམ་དང་དངོས་ཡོད་ཀྱི་འབྲེལ་ཐག་ནི
དོས་ཐག་ཆད་པ་ལྟ་བུའི་ཚེགས་མེད་ཀྱི་ལས་ཀ་ཞིག་ག་ལ་ཡིན་སྲིད
 
མགོ་བོ་གཟན་གྱིས་བཏུམས་ཏེ
མིག་གི་ཡུལ་ལ་མཛེས་པའི་གཟུགས་དང
རྣ་བའི་ཡུལ་དུ་སྙན་པའི་སྒྲ
ལུས་ཀྱི་ཡུལ་དུ་འཇམ་པའི་རེག་བྱ
ལྕེ་ཡུལ་དུ་ཞིམ་པའི་རོ
སྣ་ཡི་ཡུལ་དུ་ངད་པའི་དྲི་ཡི་སྐྱེ་མཆེད་དག་ལ
ཡིག་ནོར་དང་སྒྲ་ལོག་མ་ཡིན་པའི་དེབ་གཟུགས་རེ་བརྩམས་ཏེ
སྨུག་པ་བན་བུན་ཁྲོད་ཀྱི་རྫི་བོ་ལྟར་གླུ་སྐད་ཅིག་ལ་འཇུས་འདུག
གླུ་སྐད་དེ  གྲིབ་བརྙན་མེད་པའི་ལྷ་སྐུ་ཞིག་གི་ཕག་ནས་འཕྱོ་ཞིང
དམིགས་པ་མེད་པའི་མཁར་རྫོང་ཞིག་གི་མཐིལ་ནས་གྱེར་འོང
 
དགོན་པའི་སྐོར་ལམ་ན་འགྱུ་བའི་གྲྭ་རྐྱང་གི་གཏམ་རྒྱུད་དང
ཆོས་གྲྭའི་ཅོང་ཆེན་གྱི་དབྱངས་ལ་ཟུག་པའི་གྲྭ་རྐྱང་གི་རྐང་རྗེས་ནི
རི་བོའི་ལྕོག་ལ་བཙུགས་པའི་རྡོ་རིང་ཡིན་ཞིང
རྡོ་རིང་དེ  རླབས་ལ་རྩོལ་བ་མེད་པའི་རྒྱ་མཚོ་ཞིག་གི་ངོས་སུ
ཝུ་བ་དཀར་པོ་ཞིག་དང་ཅི་འདྲའི་མཚུངས་ཨང
 
གྲྭ་རྐྱང་འདི་རྩིས་དཔོན་ཞིག་ཡིན་པའི་དབང་དུ་བཏང་ན
རྩིས་གཞི་ཡོངས་རྫོགས་ཐིག་ལེ་ལ་ཕབ་ཅིང
ཐིག་ལེ་ཡོངས་རྫོགས་ཀྱི་ཁ་དོག་ནི་སེར་བོ་ཁོ་ནས་འགྲུབ་པར་བྱས་ཁར
ཀ་བ་ནི་སྟོང་ཉིད་དང
ཁ་བ་ནི་རྟེན་འབྲེལ
ག་བ་ནི་སྙིང་རྗེ
ང་བ་ནི་གཞན་གཅེས་འབའ་ཞིག་ཡིན་དགོས་ཤིང
ད་དུང་དུས་གསུམ་གྱི་འགྱུ་བ་དང་འགྱུ་བྱེད་ནི
མི་རྟག་པ་གཅིག་བུས་འདེད་དགོས
 
ལྗོན་ཤིང་གི་ལོ་མ་ལྟ་བུའི་འཁོར་བ་འདི་ནས
རང་ལུས་འོད་དུ་བསྟིམ་པར་བྲེལ་འཚུབ་ཀྱི་འགྲོ་འང
བླ་ན་མེད་པའི་སྐྱབས་མགོན་དེའི་གསུང་སྐད་ནི
རི་བོ་དང་བྲག་ཆའི་སྦུབས་སུ་ཉལ་ཟིན་པས
མཐའ་མར་རང་ཉིད་ནི་གཡོར་གྲུ་ཆུང་ཆུང་ཞིག་ལས་ཅི་ཞིག་ཡིན་དགོས
གཡོར་གྲུ་དེ་ལོ་ངོ་ག་ཙམ་གྱི་རིང་ལ་རྒྱ་མཚོའི་ཕ་རོལ་ཏུ་ཐོན་ནམ
 
ཚངས་དབྱངས་པའི་ཆོས་གོས་ལ་འཇུ་ཐག་མེད་ཀྱང
སྐྱིད་ཆུའི་ངོགས་སུ་བསྐུར་བའི་གསེར་གྱི་སྒྲོམ་ཆུང་དེ་ནི
གྲྭ་རྐྱང་ཚོའི་སེམས་ཀྱི་འོད་ཟེར་ཡིན་ཞིང
བསམ་ཡས་བྱ་ཕོ་དཀར་བོའི་འཕྲིན་པ་དེ་ཡིས
གྲྭ་ཤག་གི་སྒོ་ཁར་ཟངས་ཀྱི་ཕུར་བུ་ཞིག་བཏབ་བྱུང
 
ནམ་མ་ལངས་གོང་གི་སྔོན་དུ
ཏིང་ཤག་གི་སིལ་སྒྲ་གཏོང་བ་ནི
ཡི་དྭགས་ལ་སྦྱིན་པ་གནངས་པ་ཡིན་ཞིང
ཉམ་ཐག་པའི་ཡི་དྭགས་ག་ཙམ་གྱི་རེ་སྒུག་གི་དུས་ཚོད་ནི
གྲྭ་རྐྱང་ཁོང་གཉིད་མི་ཁུགས་པའི་ཞོགས་པ་དེ་དག་རེད
 
སྟོན་དུས་ཡོལ་ནས་དགུན་དུས་ལ་བསླེབས་ཤིང
དགུན་དུས་འདི་ཡང་གློ་རྡེག་ལ་ཡལ་འགྲོ་བར་བསམས་ན
ཁོ་རང་བྲེལ་འཚུབ་ཀྱི་སེམས་པ་ཨ་སར་ཆགས་ཀྱང
གང་ཞིག་གི་སླད་དུ་གྲྭ་རྐྱང་འདིས་རང་ལ་བྲེད་ཤ་སློང་གིན་ཡོད
སྤེན་མའི་མེ་ཏོག་ལྟ་བུའི་ལྷ་སྐུའི་མདུན་དུ
ཕྱག་གསུམ་འཚལ་ལོང་ཡང་མེད་པར
གྲྭ་ཤག་གི་ཕྱི་རོལ་ལ་ཉན་ནས
ཉི་འོད་ལྟ་བུའི་ཞྭ་མོ་སེར་བོ་ཞིག་མནབས་བཞག
 
གྲོང་དང་གྲོང་ཁྱེར་གྱི་སྲང་ལམ་ལ་འབུད་དུས
གྲྭ་རྐྱང་དག་གིས
དྲན་ཤེས་ཀྱི་ལྷུ་ཚིགས་སྲ་མོར་བྱེད་དགོས་ཤིང
བག་ཡོད་ཀྱི་མིག་ཟུར་དམའ་མོ་བྱེད་དགོས
ལམ་གྱི་གཡས་དང་གཡོན་ན
ཐུགས་ལ་ཞེད་སྣང་བསྟེར་བའི་དམག་མི་ཡོད་ཅིང
སེམས་རྩ་ཁོལ་བོར་བྱེད་པའི་མཛེས་མ་ཡང་ཡོད
 
དེ་ལྟའི་ཟློས་གར་མང་པོ་ཞིག་གིས
གྲྭ་རྐྱང་ཚོ་གྲོང་ནས་རི་ལ་དེད་ཅིང
ཁྱིམ་ལས་ཟུར་དུ་བཀར་ནས
ད་ལྟ  ལུས་པོ་ཞུམ་ཞུམ་གྱིས་བསྒུར་བའི་ཁོ་ཚོ
རང་སེམས་ཡུལ་བོར་གྱུར་བའི་རྣལ་འབྱོར་བ་རྐྱང་རྐྱང་རེད
 
གྲྭ་ཤག་གི་སྒེའུ་ཡོལ་དུ་དཔྱངས་པའི་མགུར་རྟ་དེ་ནི
དབེན་པའི་རི་ལ་སིམ་པའི་ན་བུན་ཞིག
རྨི་ལམ་དུ་སྐར་མའི་ཚོགས་ཤུད་དེ་འོང་བའི་མི་ཚེ་འདི་ལ
མིག་ཤེལ་གྱི་དྲ་བ་རུ་བཅུག་པའི་བདེན་ལུགས་མང་པོ་ཞིག
སྐབས་གང་འཚམ་ལ་སྙིང་ག་ཆོས་ཀྱི་འཁོར་ལོ་རུ་བརྩིགས་ཏེ
ཉི་འོད་འཕྲོ་སའི་ཁྱམས་ར་ན་དཀྱིལ་ཀྲུང་གིས་བསྡད་འདུག
 
གྲྭ་རྐྱང་འདི་དག
ད་ནས་བཟུང་འདི་ལྟར་སྡོད་སྲིད་དམ
ཁང་བརྩེགས་ཀྱིས་མིག་ཟུང་བསྒུལ་ཅིང
རླངས་འཁོར་གྱིས་སེམས་ལ་གཙགས་ཏེ་འོང་ན
ཚོར་བའི་ངོས་ཀྱི་རི་མོ་ནི་ཟིལ་ཐིགས་ཡོམ་པ་བཞིན
ཤེལ་ཕོར་ཁ་རུ་གཡེངས་པའི་ཇ་ལོ་ནི་སེམས་ལ་འབབ་པ་བཞིན
 
ད་ལྟའི་དུས་རབས་འདི
གྲྭ་རྐྱང་ཞིག་གིས་རྦེ་སུ་ཁུ་ལུ་བཞིན་མཆོད་ཆོག་ལ
མི་སྐྱ་ཞིག་གིས་ལྷ་སའི་ཝུ་རག་ལྟར་མཆོད་ཆོག་པས
གྲྭ་ཤག་གི་རྩིག་པའི་ལྡེབས་ངོས་སུ་ཡང
ཤར་ནས་ལྷོ་དང་
ལྷོ་ནས་བྱང་དུ་སྦྲེལ་བའི་འོད་ཟེར་དཀར་པོ་ཞིག་ཏུ་གྱུར་ཡོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ངག་རིང་མོའི་ཁག་ཕྱི་མ།

2010-08-25 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།