སྤྲིན་པ་འདི།

རྔུལ་ཆུས་བྲན་པའི་སྤྲིན་དཀར་འདི་ཨ་ཐང་ཆད་ཚུལ་ལ་བལྟས་ན
ཁོ་ནི་ཐག་རིང་རྒྱ་མཚོའི་ཁ་ནས་འོང་བ་ཤེས་ཐུབ་ལ
གནམ་གྲུ་དང་མེ་འཁོར་གྱི་འགྲོས་ལ་འགྲན་ནས
བྲེལ་འཚུབ་དང་ཨུ་ཚུགས་ཀྱིས་འོང་བ་ཤེས་ཐུབ

རྟབ་རྟབ་པོར་བསྐྱོད་པའི་སྤྲིན་པ་འདི
དྲོད་ཚད་དམའ་བའི་རི་སྒང་རེ་ནས་ཤམ་ཤུམ་ངུ་ཞིང
སུ་ལའང་འཛུམ་མདངས་སྟོན་མི་ཕོད་པའི་ཡུགས་ས་མ་བཞིན་དུ
རང་གི་ངོ་གདོང་ལག་པས་བཀབ་སྟེ་ཡུན་རིང་ལུས

ཁོ་ལ་བརྩེ་དུང་དང་སྡུག་ཡུས་མེད་པ་མིན་ཏེ
རྩྭ་ཐང་ནས་རྫི་གླུ་ལེན་ཞིང་མེ་ཏོག་འཐུ་བའི་བུ་མོ་རེ་མཐོང་དུས
གྱེས་གདུང་གི་མཆི་མ་ཡོད་ཚད་དུས་གཅིག་ཏུ་འདོན་ཞིང
མཛེས་སྡུག་ཟད་པའི་འཇིག་རྟེན་འདི་ལ་ཞེན་ལོག་པའི་རྣམ་འགྱུར་སྟོན

མི་རིགས་དང་རྒྱལ་ཁོངས་ཀྱི་ཚད་བཀག་མེད་པའི་སྤྲིན་པ་འདི
སྐད་ཆ་དང་བརྡ་སྤྲོད་ཀྱི་ངལ་བ་མེད་པའི་སྤྲིན་པ་འདི
ཨ་མེ་རུ་ཀ་གླིང་གི་ཞིང་ཚིགས་ག་གེ་མོའི
བྲན་གཡོག་བུ་མོ་ཞིག་གི་གདུང་སེམས་ཁུར་བའི་མཆི་མ་ཡིན་ནམ
ཡུག་ཐེ་བའི་བགྲེས་སོང་ཞིག་གིས་མེས་རྒྱལ་མཐོང་བའི་དགའ་སྣང་ཡིན
གང་ལྟར  བཟོ་ལྟ་དང་ཁ་དོག་མི་འདྲ་བའི་སྤྲིན་པ་ལེབ་མོ་རེ་རེ་ནི
ལོ་རྒྱུས་ཀྱི་ནད་རྙིང་སྦྲུམ་པའི་བྱ་གླག་ཅིག་དང་མཚུངས་པར
ཆར་ཞོད་ཆེ་བའི་ཕ་ཡུལ་གྱི་བར་སྣང་ནས་རྒྱང་ལ་བཞུད
                                2010-10-24

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲིན་པ་འདི།

2010-12-12 འབྲོག་བུ། ཀློག་གྲངས། མཆན ཡོད།

རྔུལ་ཆུས་བྲན་པའི་སྤྲིན་དཀར་འདི་ཨ་ཐང་ཆད་ཚུལ་ལ་བལྟས་ན
ཁོ་ནི་ཐག་རིང་རྒྱ་མཚོའི་ཁ་ནས་འོང་བ་ཤེས་ཐུབ་ལ
གནམ་གྲུ་དང་མེ་འཁོར་གྱི་འགྲོས་ལ་འགྲན་ནས
བྲེལ་འཚུབ་དང་ཨུ་ཚུགས་ཀྱིས་འོང་བ་ཤེས་ཐུབ

རྟབ་རྟབ་པོར་བསྐྱོད་པའི་སྤྲིན་པ་འདི
དྲོད་ཚད་དམའ་བའི་རི་སྒང་རེ་ནས་ཤམ་ཤུམ་ངུ་ཞིང
སུ་ལའང་འཛུམ་མདངས་སྟོན་མི་ཕོད་པའི་ཡུགས་ས་མ་བཞིན་དུ
རང་གི་ངོ་གདོང་ལག་པས་བཀབ་སྟེ་ཡུན་རིང་ལུས

ཁོ་ལ་བརྩེ་དུང་དང་སྡུག་ཡུས་མེད་པ་མིན་ཏེ
རྩྭ་ཐང་ནས་རྫི་གླུ་ལེན་ཞིང་མེ་ཏོག་འཐུ་བའི་བུ་མོ་རེ་མཐོང་དུས
གྱེས་གདུང་གི་མཆི་མ་ཡོད་ཚད་དུས་གཅིག་ཏུ་འདོན་ཞིང
མཛེས་སྡུག་ཟད་པའི་འཇིག་རྟེན་འདི་ལ་ཞེན་ལོག་པའི་རྣམ་འགྱུར་སྟོན

མི་རིགས་དང་རྒྱལ་ཁོངས་ཀྱི་ཚད་བཀག་མེད་པའི་སྤྲིན་པ་འདི
སྐད་ཆ་དང་བརྡ་སྤྲོད་ཀྱི་ངལ་བ་མེད་པའི་སྤྲིན་པ་འདི
ཨ་མེ་རུ་ཀ་གླིང་གི་ཞིང་ཚིགས་ག་གེ་མོའི
བྲན་གཡོག་བུ་མོ་ཞིག་གི་གདུང་སེམས་ཁུར་བའི་མཆི་མ་ཡིན་ནམ
ཡུག་ཐེ་བའི་བགྲེས་སོང་ཞིག་གིས་མེས་རྒྱལ་མཐོང་བའི་དགའ་སྣང་ཡིན
གང་ལྟར  བཟོ་ལྟ་དང་ཁ་དོག་མི་འདྲ་བའི་སྤྲིན་པ་ལེབ་མོ་རེ་རེ་ནི
ལོ་རྒྱུས་ཀྱི་ནད་རྙིང་སྦྲུམ་པའི་བྱ་གླག་ཅིག་དང་མཚུངས་པར
ཆར་ཞོད་ཆེ་བའི་ཕ་ཡུལ་གྱི་བར་སྣང་ནས་རྒྱང་ལ་བཞུད
                                2010-10-24

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།