ཕྲེད་དར་འདི་དབུས་ནས་བསྒྲེངས།

         —————————— སྐབས་གསུམ་པའི་བོད་ཀྱི་ཡར་ཀླུང་སྨྱུག་ཚོགས་ལ་རྟེན་འབྲེལ་དུ་ཕུལ། 
ཡར་ཀླུང་ནས   དབུས་གཙང་ནས
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
ངར་ཤུགས་ཤིག་གྲི་ཁར་བླུད་ཀྱིན་འདུག་
 
དགུན་གཞུང་འདི་ནས་བདེ་ཆེན་དུ་གྲང་རླུང་འགའ་འུར་གྱིས་ལྡང་
སེམས་པ་འདི་མཚོ་མོའི་ཁ་ཡི་འཁྱགས་རོམ་གྱི་མེ་ཏོག་བཞིན་འདར་
ཡིན་ན་ཡང་མེ་ཏོག་དེས་འུ་ཅག་བཞད་པ་བྱས་
ནམ་ཉིན་མཚན་དུ་འུ་ཅག་བཞད་པར་བྱས་
 
ལྷོ་ཁ་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ཏུ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
བཙའ་ཡིས་ཟིན་པའི་རྣམ་ཤེས་ལ་འགུལ་ཤུགས་སྒྲོན་གྱིན་འདུག་
 
དགུན་གཞུང་འདི་ནས་བདེ་ཆེན་དུ་རི་བོ་ཡོད་ཚད་གྲང་ངད་ཀྱིས་མགོ་བོ་ཟུམ་
སེམས་པ་འདི་ཅང་ཅང་དུ་གྱུར་ནས་ས་མཆིན་པའི་བར་དུ་ན་ཟུག་གིས་མྱོང་
ཡིན་ན་ཡང་ན་ཟུག་དེས་འུ་ཅག་བཞད་པར་བྱས་
ལོ་ཡི་ཁོར་མོ་ཡུག་ཏུ་འུ་ཅག་བཞད་པར་བྱས་
 
དབུས་གཙང་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
འདམ་དུ་ཉལ་བའི་རྩྭ་ཕྲན་ལ་སྲོག་གི་གསོན་ཤུགས་བྱིན་གྱིན་འདུག
 
དགུན་གཞུང་འདི་ནས་བདེ་ཆེན་དུ་སྡོང་རེངས་ཀུན་པོ་འཁྱགས་ཀྱིས་ཕྱིད་
སེམས་པ་འདི་འཚབ་ཤ་ལངས་པའི་རླབས་ཤུགས་བཞིན་འཁྱོམ་མེ་འཁྱོམ་
ཡིན་ན་ཡང་གཡོ་འཁྱོམ་དེས་འུ་ཅག་བཞད་པར་བྱས་
ནམ་གཞར་དུ་ཡང་འུ་ཅག་བཞད་པར་བྱས་
 
དབུས་གཙང་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
ང་དང་ཁོ་ཡང་    ལྷབ་ལྷུབ་ཏུ་གཡོ་བཞིན་འདུག
 གྲོགས་སྙན་པོ་དབྱངས་སྒྲོལ་གྱིས་འཕྲིན་དུ་བོད་ཀྱི་ཡར་ཀླུང་སྨྱུག་ཚོགས་སྐབས་གསུམ་པ་རྒྱལ་ཁའི་ངང་མཇུག་རྫོགས་པའི་གཏམ་ཐོས་རྗེས་༢༠༡༠.༡༢. ༨ཉིན་མདོ་ཁམས་བདེ་ཆེན་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲེད་དར་འདི་དབུས་ནས་བསྒྲེངས།

2010-12-12 ཁ་བ་དཀར་པོ། ཀློག་གྲངས། མཆན ཡོད།

         —————————— སྐབས་གསུམ་པའི་བོད་ཀྱི་ཡར་ཀླུང་སྨྱུག་ཚོགས་ལ་རྟེན་འབྲེལ་དུ་ཕུལ། 
ཡར་ཀླུང་ནས   དབུས་གཙང་ནས
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
ངར་ཤུགས་ཤིག་གྲི་ཁར་བླུད་ཀྱིན་འདུག་
 
དགུན་གཞུང་འདི་ནས་བདེ་ཆེན་དུ་གྲང་རླུང་འགའ་འུར་གྱིས་ལྡང་
སེམས་པ་འདི་མཚོ་མོའི་ཁ་ཡི་འཁྱགས་རོམ་གྱི་མེ་ཏོག་བཞིན་འདར་
ཡིན་ན་ཡང་མེ་ཏོག་དེས་འུ་ཅག་བཞད་པ་བྱས་
ནམ་ཉིན་མཚན་དུ་འུ་ཅག་བཞད་པར་བྱས་
 
ལྷོ་ཁ་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ཏུ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
བཙའ་ཡིས་ཟིན་པའི་རྣམ་ཤེས་ལ་འགུལ་ཤུགས་སྒྲོན་གྱིན་འདུག་
 
དགུན་གཞུང་འདི་ནས་བདེ་ཆེན་དུ་རི་བོ་ཡོད་ཚད་གྲང་ངད་ཀྱིས་མགོ་བོ་ཟུམ་
སེམས་པ་འདི་ཅང་ཅང་དུ་གྱུར་ནས་ས་མཆིན་པའི་བར་དུ་ན་ཟུག་གིས་མྱོང་
ཡིན་ན་ཡང་ན་ཟུག་དེས་འུ་ཅག་བཞད་པར་བྱས་
ལོ་ཡི་ཁོར་མོ་ཡུག་ཏུ་འུ་ཅག་བཞད་པར་བྱས་
 
དབུས་གཙང་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
འདམ་དུ་ཉལ་བའི་རྩྭ་ཕྲན་ལ་སྲོག་གི་གསོན་ཤུགས་བྱིན་གྱིན་འདུག
 
དགུན་གཞུང་འདི་ནས་བདེ་ཆེན་དུ་སྡོང་རེངས་ཀུན་པོ་འཁྱགས་ཀྱིས་ཕྱིད་
སེམས་པ་འདི་འཚབ་ཤ་ལངས་པའི་རླབས་ཤུགས་བཞིན་འཁྱོམ་མེ་འཁྱོམ་
ཡིན་ན་ཡང་གཡོ་འཁྱོམ་དེས་འུ་ཅག་བཞད་པར་བྱས་
ནམ་གཞར་དུ་ཡང་འུ་ཅག་བཞད་པར་བྱས་
 
དབུས་གཙང་ནས་    དབུས་གཙང་ནས་
ཕྲེད་དར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་
ང་དང་ཁོ་ཡང་    ལྷབ་ལྷུབ་ཏུ་གཡོ་བཞིན་འདུག
 གྲོགས་སྙན་པོ་དབྱངས་སྒྲོལ་གྱིས་འཕྲིན་དུ་བོད་ཀྱི་ཡར་ཀླུང་སྨྱུག་ཚོགས་སྐབས་གསུམ་པ་རྒྱལ་ཁའི་ངང་མཇུག་རྫོགས་པའི་གཏམ་ཐོས་རྗེས་༢༠༡༠.༡༢. ༨ཉིན་མདོ་ཁམས་བདེ་ཆེན་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།