གཙང་བོའི་འགྲམ་ངོགས་ནས།

ཡུལ་མི་ཚོས་ཀླུ་ཆུ་རུ་འབོད་པའི་གཙང་བོ་འདི
ཉིན་མཚན་ཀུན་དུ་ཁ་ཕྱོགས་ཤིག་ལ་སྙེག་ཀིན་འདུག
གཙང་བོ་འདི་རྨས་ཕོག་པའི་གཡུ་འབྲུག་བཞིན
བཞུར་རྒྱུན་གྱི་ཚེ་སྲོག་ཆད་ལ་ཉེ
ངས་བསམ་ན  གཙང་བོ་འདི་མི་ཚང་སུ་ཞིག་གི་དར་རྒུད་རེད

ངས་བྲང་གཞུང་ཆུ་ངོས་སུ་གླན་དེ་ལྡོག་རྩིས་ཤིག་རྒྱབས་ཚེ
དམག་རྟ་ཁྲི་འབུམ་མང་པོའི་རྔམ་བརྗིད་དང
གསེར་གྱི་གཟི་འོད་འཕྲོ་བའི་རྒྱ་ཕིབས་མཐོང་ཐུབ་ལ
ལུག་ཁྱུའི་ཕྲེང་བ་གཏོར་བའི་ཁྲག་རྗེས་དང
ནགས་ཚལ་སྤང་ལ་གཏུགས་པའི་གོད་ཆག་མཐོང་བྱུང
ད་དུང  ཚེ་སྲོག་གཞུང་བཞེས་བཏང་བའི་སྙན་ངག་པ་དེའང་དྲན་ཡོང

གཙང་བོ་མུ་མཐུད་དུ་འབབ
སྐྱིད་སྡུག་གི་གླུ་ཆུང་ལེན་བཞིན
ལེགས་ཉེས་ཀྱི་འཕྲིན་པ་སྒྲོག་བཞིན
ཟུངས་ཉམས་པའི་འབྱུང་གཞི་དེས
ཡུལ་མི་ཚོས་དོར་བའི་ཁྱིམ་སྙིགས་དག་སྒུམ་པར་བྲེལ

གཙང་བོའི་ཕ་ཡུལ་འདིར
ཐལ་སྐྱ་དང་སྨུག་ལོང་འཐིབ་འདུག
མེས་པོ་སུ་ཞིག་གི་གཅེས་ནོར་རྡོ་ལ་བརྗེས་པས
ཡུལ་དཔོན་འདྲ་བའི་མི་ཆེན་ཞིག་སྤྲོ་བས་མྱོས་ཤིང
ཡུལ་མི་ཚོའི་རྨི་ལམ་ཧ་ཅང་ཞིམ་ཡང
སྒོ་ཁྱི་གཅིག་པུ 
མ་བོས་མགྲོན་པོ་ཚོའི་གོམ་སྒྲ་ལ་ཞེད་ནས་རྒྱང་དུ་བྲོས

གཙང་བོའི་འགྲམ་ངོགས་སུ་དབྱར་ཟླ་ཐོན་རུང
སྤང་ཐང་དང་གྲོང་སྡེ་འདི་མདོག་འགྱུར་བའི་གོས་རྙིང་འདྲ
གང་ལྟར་ཀྱང  གཙང་བོ་མུ་མཐུད་དུ་འབབ་ངེས
སྐྱེས་ཆེན་སུ་ཞིག་གི་ཟུངས་ཁྲག་བཞིན
དབུགས་ཀྱི་རྒྱུ་བ་འདི་གཅོད་རེག་བར་དུ
               ༢༠༠༨ལོའི་ཟླ་༨པའི་ཚེས་༢༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་བོའི་འགྲམ་ངོགས་ནས།

2010-12-05 རྫས་ལུང་ཚེ་དར།( ཀློག་གྲངས། མཆན ཡོད།

ཡུལ་མི་ཚོས་ཀླུ་ཆུ་རུ་འབོད་པའི་གཙང་བོ་འདི
ཉིན་མཚན་ཀུན་དུ་ཁ་ཕྱོགས་ཤིག་ལ་སྙེག་ཀིན་འདུག
གཙང་བོ་འདི་རྨས་ཕོག་པའི་གཡུ་འབྲུག་བཞིན
བཞུར་རྒྱུན་གྱི་ཚེ་སྲོག་ཆད་ལ་ཉེ
ངས་བསམ་ན  གཙང་བོ་འདི་མི་ཚང་སུ་ཞིག་གི་དར་རྒུད་རེད

ངས་བྲང་གཞུང་ཆུ་ངོས་སུ་གླན་དེ་ལྡོག་རྩིས་ཤིག་རྒྱབས་ཚེ
དམག་རྟ་ཁྲི་འབུམ་མང་པོའི་རྔམ་བརྗིད་དང
གསེར་གྱི་གཟི་འོད་འཕྲོ་བའི་རྒྱ་ཕིབས་མཐོང་ཐུབ་ལ
ལུག་ཁྱུའི་ཕྲེང་བ་གཏོར་བའི་ཁྲག་རྗེས་དང
ནགས་ཚལ་སྤང་ལ་གཏུགས་པའི་གོད་ཆག་མཐོང་བྱུང
ད་དུང  ཚེ་སྲོག་གཞུང་བཞེས་བཏང་བའི་སྙན་ངག་པ་དེའང་དྲན་ཡོང

གཙང་བོ་མུ་མཐུད་དུ་འབབ
སྐྱིད་སྡུག་གི་གླུ་ཆུང་ལེན་བཞིན
ལེགས་ཉེས་ཀྱི་འཕྲིན་པ་སྒྲོག་བཞིན
ཟུངས་ཉམས་པའི་འབྱུང་གཞི་དེས
ཡུལ་མི་ཚོས་དོར་བའི་ཁྱིམ་སྙིགས་དག་སྒུམ་པར་བྲེལ

གཙང་བོའི་ཕ་ཡུལ་འདིར
ཐལ་སྐྱ་དང་སྨུག་ལོང་འཐིབ་འདུག
མེས་པོ་སུ་ཞིག་གི་གཅེས་ནོར་རྡོ་ལ་བརྗེས་པས
ཡུལ་དཔོན་འདྲ་བའི་མི་ཆེན་ཞིག་སྤྲོ་བས་མྱོས་ཤིང
ཡུལ་མི་ཚོའི་རྨི་ལམ་ཧ་ཅང་ཞིམ་ཡང
སྒོ་ཁྱི་གཅིག་པུ 
མ་བོས་མགྲོན་པོ་ཚོའི་གོམ་སྒྲ་ལ་ཞེད་ནས་རྒྱང་དུ་བྲོས

གཙང་བོའི་འགྲམ་ངོགས་སུ་དབྱར་ཟླ་ཐོན་རུང
སྤང་ཐང་དང་གྲོང་སྡེ་འདི་མདོག་འགྱུར་བའི་གོས་རྙིང་འདྲ
གང་ལྟར་ཀྱང  གཙང་བོ་མུ་མཐུད་དུ་འབབ་ངེས
སྐྱེས་ཆེན་སུ་ཞིག་གི་ཟུངས་ཁྲག་བཞིན
དབུགས་ཀྱི་རྒྱུ་བ་འདི་གཅོད་རེག་བར་དུ
               ༢༠༠༨ལོའི་ཟླ་༨པའི་ཚེས་༢༨

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།