དཔལ་མོའི་སྙན་ངག་གསར་བ། ཁྱོད་ཅི་ཞིག་ཡིན།
ཁྱོད་ཅི་ཞིག་ཡིན
ཁྱོད་མིག་འབྲས་ཨེ་ཡིན
ཁྱོད་ཡན་ལག་ཨེ་ཡིན།
ཁྱོད་རུས་རྐང་ཨེ་ཡིན
ཁྱོད་ལྟོ་གོས་ཨེ་ཡིན
ཁྱོད་དབང་ཐང་ཨེ་ཡིན
ཁྱོད་འབྱོར་ཕྱུག་ཨེ་ཡིན
ཁྱོད་ལང་ཚོ་ཨེ་ཡིན
ཁྱོད་དབུགས་རྒྱུན་ཨེ་ཡིན
ཁྱོད་ཚེ་སྲོག་ཨེ་ཡིན
ཁྱོད་ཕ་ཡུལ་ཨེ་ཡིན
ཉིན་མཚན་ལ་བདེ་བ་མི་སྟེར་བའི
བསམ་བློ་ལ་བདག་པོ་མི་ཐུབ་པའི
སྨྲ་སྒོ་ནས་ལྷུག་བརྗོད་མི་ཕོད་པའི
ཀླད་སྒྲོམ་ནང་མཐར་སྐྲོད་མི་ནུས་པའི
ཐ་སྙད་གཅིག་ལའང་ཆག་སྒོ་འབྱུང་བར་སྐྲག་པའི
ཡན་ལག་གཅིག་ལའང་སྲུབས་ཀ་འཆོར་བར་སྐྲག་པའི
མིང་བྱང་གཅིག་ལའང་རྨས་སྐྱོན་ཐེབས་པར་སྐྲག་པའི
ཡིག་འབྲུ་གཅིག་ལའང་བོར་སྟོར་འབྱུང་བར་སྐྲག་པའི
ཡན་ལག་གཅིག་ལའང་སྲུབས་ཀ་འཆོར་བར་སྐྲག་པའི
མིང་བྱང་གཅིག་ལའང་རྨས་སྐྱོན་ཐེབས་པར་སྐྲག་པའི
ཡིག་འབྲུ་གཅིག་ལའང་བོར་སྟོར་འབྱུང་བར་སྐྲག་པའི
ཁྱོད་ཡང་སྙིང་ཅི་ཞིག་ཡིན
རྩོམ་ཁུངས། ངེད་དྲ་བ།