མིག་གིས་རྒྱ་ཁྱོན་ཟིན་མི་ཐུབ་པའི་ཕ་ཡུལ།
རྒྱ་མཚོ་ཆེན་པོའི་ཕ་རོལ་ན
ཉི་མ་ཤར་ཚུལ་གཞན་ཞིག་གིས
ཟེར་འཕྲོ་ལས་ཅི་ཡང་མ་ལྷག་པའི་མིག་ཟུང་འདི་ཉམས་ཚར།
མཚར་སྡུག་གི་པང་དུ་བྱོན་པའི་རི་དཀར་བོའི་གངས་ལྷ་མེ་ཏོག
ཁུ་སིམ་མེར་མགོ་བོ་དུད་ནས་ཡོད་ཚད་ཀྱིས་སེམས་སྣང་འཚུབ།
བུམ་པའི་ནམ་མཁའ་ལས་མདོག་མི་འགྱུར་བའི་ཉིན་ཞག་རེ་འགའ་རེ་འགའ
རྩྭ་ལྗང་གི་མགོ་བོ་དང་འདྲ་བར
གདུག་རྩུབ་ཀྱི་མིའི་རྐང་འོག་ན་མནར་གཅོད་ཀྱི་གོ་རིམ་དེ་ཙམ་མྱངས།
ཆུང་དུས་སུ
ནམ་རྒྱུན་ཨ་མའི་ང་ལ་འབོད་བརྡ་ཞིག་གཏོང་གིན་འདུག
དེ་ནི་སེམས་སྨྲེང་གི་ཁྲོད་ན་ལུས་བའི་ཕྱིར་མིག་གི་རེ་འཇོག་རེད།
མཚམས་ལན་རེར་
ལྷིང་འཇགས་རང་ཉིད་ལ་དབང་ཞིང
རྟག་ཏུ་
ལྷིང་འཇགས་ཕ་ཡུལ་ལ་དབང་།
ཕ་ཡུལ་ནི་རྒྱ་མཚོ་ཆེན་པོའི་མིག་ཟུང་བཞིན་མ་དོར་ནའང་།
འདོད་རྔམ་ཆེན་པོའི་སྒོ་ཁྱི་དང་
ཤ་ལ་དགའ་བའི་སྤྱང་ཀིའི་ཁོ་ནས
ཕ་ཡུལ་གྱི་ངོ་གདོང་བཀབ་འདུག
རྩོམ་ཁུངས། ངེད་དྲ་བ།