ངའི་མ་འོངས་བའི་ཆུང་མ།

ངའི་མ་འོངས་བའི་ཆུང་མ་
བརྩེ་བ་རྐྱང་རྐྱང་སྒྱེ་གང་འཁུར་ནས་
ཅི་ཞིག་ཐོབ་འདོད་ཀྱི་རེ་བ་དང་ལྷན་དུ་
ཅི་ཞིག་སྤྱོད་འདོད་ཀྱི་མོས་པ་དང་མཉམ་དུ་
གོམ་པ་རེ་རེ་ཤུགས་ཀྱིས་སྤོ་བཞིན་ཡོད་དམ་
ངས་ཀྱང་དུངས་པ་ཁྲི་ཚོ་ཁྲི་ཚོ་རྩི་ནས་འོང་བཞིན་ཡོད་
 
ངའི་མ་འོངས་བའི་ཆུང་མ་
འུ་གཉིས་ཀྱི་ཁྱིམ་གཞི་དེའི་ཆེད་དུ་
སྐྱུར་དགོས་པ་ཐམས་ཅད་སྐྱུར་ནས་
ཁུར་འོས་པ་ཡོད་ཚད་ཁུར་ཏེ་
སྣེ་གང་ཞིག་ནས་ལམ་ལ་ཆས་ཏེ་
ཡུལ་གང་ཞིག་ནས་མངོན་རྩིས་ཡོད་
ངས་ཀྱང་མེ་ཏོག་རྐང་གཅིག་གྲ་སྒྲིག་བྱས་ནས་ཡོད
 
ངའི་མ་འོངས་བའི་ཆུང་མ་
བསྙལ་ནས་ལོ་མང་འགོར་བའི་རྒུན་ཆང་ཕོར་བ་གང་བོ་
འཇམ་མཉེན་གྱི་ལག་ཟུང་ལ་བཏེགས་ཏེ་ཁྱེར་ཤོག་
ངས་ཆང་འཐུང་འདོད་དུས་
ང་ལ་ཐུངས་སུ་ཆུགས་
ངས་སྙན་ངག་གི་ནོར་བུ་བསྐྱུག་ཀྱང་སྲིད་
 
ངའི་མ་འོངས་བའི་ཆུང་མ་
ངོ་གདོང་རྫུན་མ་དེ་ཕར་ལ་གཡུགས་
བརྩེ་བ་ངོ་མ་དེ་རུམ་དུ་ཆུགས་
ངའི་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་བོ་
ལག་ཟུང་གི་སྙིམ་པར་བཅུས་ཏེ་
ཁྱེད་ཀྱི་རུམ་དུ་བླུག་ངེས་
 
ངའི་མ་འོངས་བའི་ཆུང་མ་
ངས་ཀྱང་མི་རྐྱང་གི་ཁང་ཆུང་ལ་ག་དར་བརྒྱབ་ནས་
ཡུན་རིང་ཉར་བའི་སྲ་མཁྲེགས་ཀྱི་སྒམ་ཆུང་ལས་
བརྩེ་དུངས་ཀྱི་མེ་དྲོད་ཀྱིས་བཞེངས་པའི་མཛུབ་དཀྲིས་དེ་ཡང་
ཕྱི་ལ་བཏོན་ནས་གཙང་མར་འབྱིད་བཞིན་
རེ་སྒུག་གི་ལོ་ཟླ་གང་མང་དང་མཉམ་དུ་འཚང་བཞིན་ཡོད
                                           ༢༠༠༩ ༡༠ ༡༧ལ་སློབ་གླིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་མ་འོངས་བའི་ཆུང་མ།

2010-12-03 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

ངའི་མ་འོངས་བའི་ཆུང་མ་
བརྩེ་བ་རྐྱང་རྐྱང་སྒྱེ་གང་འཁུར་ནས་
ཅི་ཞིག་ཐོབ་འདོད་ཀྱི་རེ་བ་དང་ལྷན་དུ་
ཅི་ཞིག་སྤྱོད་འདོད་ཀྱི་མོས་པ་དང་མཉམ་དུ་
གོམ་པ་རེ་རེ་ཤུགས་ཀྱིས་སྤོ་བཞིན་ཡོད་དམ་
ངས་ཀྱང་དུངས་པ་ཁྲི་ཚོ་ཁྲི་ཚོ་རྩི་ནས་འོང་བཞིན་ཡོད་
 
ངའི་མ་འོངས་བའི་ཆུང་མ་
འུ་གཉིས་ཀྱི་ཁྱིམ་གཞི་དེའི་ཆེད་དུ་
སྐྱུར་དགོས་པ་ཐམས་ཅད་སྐྱུར་ནས་
ཁུར་འོས་པ་ཡོད་ཚད་ཁུར་ཏེ་
སྣེ་གང་ཞིག་ནས་ལམ་ལ་ཆས་ཏེ་
ཡུལ་གང་ཞིག་ནས་མངོན་རྩིས་ཡོད་
ངས་ཀྱང་མེ་ཏོག་རྐང་གཅིག་གྲ་སྒྲིག་བྱས་ནས་ཡོད
 
ངའི་མ་འོངས་བའི་ཆུང་མ་
བསྙལ་ནས་ལོ་མང་འགོར་བའི་རྒུན་ཆང་ཕོར་བ་གང་བོ་
འཇམ་མཉེན་གྱི་ལག་ཟུང་ལ་བཏེགས་ཏེ་ཁྱེར་ཤོག་
ངས་ཆང་འཐུང་འདོད་དུས་
ང་ལ་ཐུངས་སུ་ཆུགས་
ངས་སྙན་ངག་གི་ནོར་བུ་བསྐྱུག་ཀྱང་སྲིད་
 
ངའི་མ་འོངས་བའི་ཆུང་མ་
ངོ་གདོང་རྫུན་མ་དེ་ཕར་ལ་གཡུགས་
བརྩེ་བ་ངོ་མ་དེ་རུམ་དུ་ཆུགས་
ངའི་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་བོ་
ལག་ཟུང་གི་སྙིམ་པར་བཅུས་ཏེ་
ཁྱེད་ཀྱི་རུམ་དུ་བླུག་ངེས་
 
ངའི་མ་འོངས་བའི་ཆུང་མ་
ངས་ཀྱང་མི་རྐྱང་གི་ཁང་ཆུང་ལ་ག་དར་བརྒྱབ་ནས་
ཡུན་རིང་ཉར་བའི་སྲ་མཁྲེགས་ཀྱི་སྒམ་ཆུང་ལས་
བརྩེ་དུངས་ཀྱི་མེ་དྲོད་ཀྱིས་བཞེངས་པའི་མཛུབ་དཀྲིས་དེ་ཡང་
ཕྱི་ལ་བཏོན་ནས་གཙང་མར་འབྱིད་བཞིན་
རེ་སྒུག་གི་ལོ་ཟླ་གང་མང་དང་མཉམ་དུ་འཚང་བཞིན་ཡོད
                                           ༢༠༠༩ ༡༠ ༡༧ལ་སློབ་གླིང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།