བུ་མོ ཁྱོད་གང་དུ་འགྲོ

བརྩེ་བའི་འཛུམ་དཀར་སྤྲོ་བཞིན
དུངས་པའི་ལག་བརྡ་གཏོང་བཞིན
ད་དུང   རེ་བའི་ཟུར་མིག་འཕེན་བཞིན
བུ་མོ    ཁྱོད་གང་དུ་འགྲོ

ས་ཆེན་གྱི་ཤ་དྲོད་ཡོད་ཚད་སད་ཀྱིས་ཁྱེར་བས
བདེན་དོན་དང་རང་དབང་གི་གོམ་ཁ་འཁྱོར་བཞིན
ཕ་ཡུལ་གྱི་རི་གླུ་སྙན་མོ་སེམས་ལ་ཉར་བཞིན
བུ་མོ་    ཁྱོད་གང་དུ་འགྲོ

དུས་ཚིགས་ཀྱི་ཕྲག་པ་ནས་ཉི་འོད་ལ་སེར་ཁ་གས་པ་བཞིན
མ་ཡུམ་གྱི་དབྱངས་རྟ་དྲོན་མོ་རླུང་གིས་བདས་རྗེས
ཁྱོད་འདི་ལྟར   འཁྲེང་སེམས་དང་མིག་ཆུ་ཤམ་མེར
གནས་ཡུལ་གང་ཞིག་ལ་གཅེར་རྗེན་དུ་བཏང
བུ་མོ       ཁྱོད་དོན་ངོ་མར་གང་དུ་འགྲོ

ངའི་མ་ཡུམ་ལྟ་བུའི   མར་ལོ་ལྟ་བུའི
ཁོག་པའི་སྙིང་ཆུང་ལྟ་བུའི་བུ་མོ་ཁྱོད
ས་སྟེང་གི་བརྩེ་དུང་ཡོད་ཚད་ཧར་གྱིས་བསྐྱུར་ནས
མི་ཡུལ་གྱི་སྙན་ངག་ཡོད་ཚད་ཤུལ་ཏུ་བཞག་ནས
བུ་མོ      ཁྱོད་ངོ་མ་གང་དུ་འགྲོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ ཁྱོད་གང་དུ་འགྲོ

2010-12-02 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།

བརྩེ་བའི་འཛུམ་དཀར་སྤྲོ་བཞིན
དུངས་པའི་ལག་བརྡ་གཏོང་བཞིན
ད་དུང   རེ་བའི་ཟུར་མིག་འཕེན་བཞིན
བུ་མོ    ཁྱོད་གང་དུ་འགྲོ

ས་ཆེན་གྱི་ཤ་དྲོད་ཡོད་ཚད་སད་ཀྱིས་ཁྱེར་བས
བདེན་དོན་དང་རང་དབང་གི་གོམ་ཁ་འཁྱོར་བཞིན
ཕ་ཡུལ་གྱི་རི་གླུ་སྙན་མོ་སེམས་ལ་ཉར་བཞིན
བུ་མོ་    ཁྱོད་གང་དུ་འགྲོ

དུས་ཚིགས་ཀྱི་ཕྲག་པ་ནས་ཉི་འོད་ལ་སེར་ཁ་གས་པ་བཞིན
མ་ཡུམ་གྱི་དབྱངས་རྟ་དྲོན་མོ་རླུང་གིས་བདས་རྗེས
ཁྱོད་འདི་ལྟར   འཁྲེང་སེམས་དང་མིག་ཆུ་ཤམ་མེར
གནས་ཡུལ་གང་ཞིག་ལ་གཅེར་རྗེན་དུ་བཏང
བུ་མོ       ཁྱོད་དོན་ངོ་མར་གང་དུ་འགྲོ

ངའི་མ་ཡུམ་ལྟ་བུའི   མར་ལོ་ལྟ་བུའི
ཁོག་པའི་སྙིང་ཆུང་ལྟ་བུའི་བུ་མོ་ཁྱོད
ས་སྟེང་གི་བརྩེ་དུང་ཡོད་ཚད་ཧར་གྱིས་བསྐྱུར་ནས
མི་ཡུལ་གྱི་སྙན་ངག་ཡོད་ཚད་ཤུལ་ཏུ་བཞག་ནས
བུ་མོ      ཁྱོད་ངོ་མ་གང་དུ་འགྲོ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།