ཐིག་ལེ་ཁ་ཤས་ཀྱི་འགྲེལ་བ།

------------མཛའ་བའི་ངག་དབང་ལྷ་མོར་ཕུལ་བ།


མིག་གི་དགའ་སྟོན་ལ་འཆར་བའི་ཐིག་ལེ
ཡིད་ཀྱི་བདུད་རྩི་ལས་དྭངས་པའི་ཐིག་ལེ
རང་རེའི་དབྱངས་གསལ་སོ་བཞི་ལས་བརྡོལ་བའི
གཟི་འོད་ཆེམ་ཆེམ་འཕྲོ་བའི་ཐིག་ལེའི་ཐིག་ལེའང
ངས་ཁྱོད་ལ་འགྲེལ་གྱིན་པའི་ཐིག་ལེའི་བརྗོད་བྱའོ

རལ་གྲི་བྲག་ལ་བརྡར་བའི་ཐིག་ལེ་ནག་ཁྲ
ཤ་མཆིན་པར་གླན་པའི་ཐིག་ལེ་བན་བུན
ཐིག་ལེ་ཐིག་ལེ་ལ་འདྲེས་པའི་ཐིག་ལེའང
ཐིག་ལེ་ལས་གཞན་མ་ཡིན་པའི་ཐིག་ལེའོ

ལོ་རྒྱུས་ཀྱི་རྡོ་རིང་ལ་གསལ་བའི་ཡི་གེའི་སྟེང་གི་ཐིག་ལེ
རྟ་ཁྱུ་ཐག་རིང་ལ་དེད་རྗེས་ཀྱི་རྗི་བོའི་སེམས་ཀྱི་ཐིག་ལེ
ང་ཚོ་སློབ་གྲྭའི་ཕྱོཊ་སུ་གོམ་པ་ཐོག་མ་སྤོ་དུས་ཀྱི་ཐིག་ལེ
དྭངས་མོ་ཆུ་མིག་ལས་ཀྱང་དྭངས་པའི་ཐིག་ལེའི་ཉིང་ཁུ
ཕྱོགས་ནས་ཕྱོགས་སུ་མཆེད་པའི་ཐོས་འཛིན་གྱི་ཐིག་ལེ

གནའ་བོའི་དམག་རྟ་དང་ལོ་རྒྱུས་ཀྱི་གངས་རི་དེ་རྒས་འདུག
དབྱངས་ཀྱི་ཕུག་པ་ནས་ཁྲག་གི་སྒྲ་དབྱངས་ཕྱོགས་སུ་འཐོར
དུས་ཚོད་རྒས་ཤིང་འཁོགས  ནམ་ཟླའང་རྒས་ཤིང་འཁོགས
རང་ཅག་གི་རྣམ་ཤེས་ཀྱང་རྒས་ཤིང་འཁོགས་པར་གྱུར་ཡོད

སྙིང་གསོན་པོ་འགས་པར་རྩོམ་པའི་ཐིག་ལེའི་དྲི་དང་ཁ་དོག
ཡང་ན དྲི་དང་ཁ་དོག་ཀྱང་བྲལ་བའི་སྟོང་བ་ཉིད་ཀྱི་ཐིག་ལེ
དབྱིབས་དང་རེག་བྱའང་བྲལ་བའི་ཐིག་ལེ་རྣམ་པ་སྣ་ཚོགས
གསོན་པའི་རེ་ཐག་ཆད་ཀྱང་ཡིད་ལ་ངེས་པར་བྱ་དགོས་པའོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐིག་ལེ་ཁ་ཤས་ཀྱི་འགྲེལ་བ།

2010-12-02 དུང་། ཀློག་གྲངས། མཆན ཡོད།

------------མཛའ་བའི་ངག་དབང་ལྷ་མོར་ཕུལ་བ།


མིག་གི་དགའ་སྟོན་ལ་འཆར་བའི་ཐིག་ལེ
ཡིད་ཀྱི་བདུད་རྩི་ལས་དྭངས་པའི་ཐིག་ལེ
རང་རེའི་དབྱངས་གསལ་སོ་བཞི་ལས་བརྡོལ་བའི
གཟི་འོད་ཆེམ་ཆེམ་འཕྲོ་བའི་ཐིག་ལེའི་ཐིག་ལེའང
ངས་ཁྱོད་ལ་འགྲེལ་གྱིན་པའི་ཐིག་ལེའི་བརྗོད་བྱའོ

རལ་གྲི་བྲག་ལ་བརྡར་བའི་ཐིག་ལེ་ནག་ཁྲ
ཤ་མཆིན་པར་གླན་པའི་ཐིག་ལེ་བན་བུན
ཐིག་ལེ་ཐིག་ལེ་ལ་འདྲེས་པའི་ཐིག་ལེའང
ཐིག་ལེ་ལས་གཞན་མ་ཡིན་པའི་ཐིག་ལེའོ

ལོ་རྒྱུས་ཀྱི་རྡོ་རིང་ལ་གསལ་བའི་ཡི་གེའི་སྟེང་གི་ཐིག་ལེ
རྟ་ཁྱུ་ཐག་རིང་ལ་དེད་རྗེས་ཀྱི་རྗི་བོའི་སེམས་ཀྱི་ཐིག་ལེ
ང་ཚོ་སློབ་གྲྭའི་ཕྱོཊ་སུ་གོམ་པ་ཐོག་མ་སྤོ་དུས་ཀྱི་ཐིག་ལེ
དྭངས་མོ་ཆུ་མིག་ལས་ཀྱང་དྭངས་པའི་ཐིག་ལེའི་ཉིང་ཁུ
ཕྱོགས་ནས་ཕྱོགས་སུ་མཆེད་པའི་ཐོས་འཛིན་གྱི་ཐིག་ལེ

གནའ་བོའི་དམག་རྟ་དང་ལོ་རྒྱུས་ཀྱི་གངས་རི་དེ་རྒས་འདུག
དབྱངས་ཀྱི་ཕུག་པ་ནས་ཁྲག་གི་སྒྲ་དབྱངས་ཕྱོགས་སུ་འཐོར
དུས་ཚོད་རྒས་ཤིང་འཁོགས  ནམ་ཟླའང་རྒས་ཤིང་འཁོགས
རང་ཅག་གི་རྣམ་ཤེས་ཀྱང་རྒས་ཤིང་འཁོགས་པར་གྱུར་ཡོད

སྙིང་གསོན་པོ་འགས་པར་རྩོམ་པའི་ཐིག་ལེའི་དྲི་དང་ཁ་དོག
ཡང་ན དྲི་དང་ཁ་དོག་ཀྱང་བྲལ་བའི་སྟོང་བ་ཉིད་ཀྱི་ཐིག་ལེ
དབྱིབས་དང་རེག་བྱའང་བྲལ་བའི་ཐིག་ལེ་རྣམ་པ་སྣ་ཚོགས
གསོན་པའི་རེ་ཐག་ཆད་ཀྱང་ཡིད་ལ་ངེས་པར་བྱ་དགོས་པའོ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།