དྲི་ཟ་འགུག་པའི་གླུ།(ཁག་གཉིས་པ། )

རིག་པས་རྩལ་ལ་རང་དབང་འབྱོར་ཞིང་རྣམ་དཔྱོད་གློག་བཞིན་རྩེ་དགའ་མ།།
སྙན་པས་ངག་ལ་དབྱངས་ཀྱིས་ཕྱུག་པས་མཚོ་བྱུང་བུ་མོ་གླུ་ལེན་མ།།
ཤེས་བྱའི་ཁྱིམ་ལ་འོད་སྐྱོམ་གཡོ་བས་ལེགས་བཤད་གླུ་ལ་འཇུག་མཁས་མ།།
མཚར་སྡུག་ལུས་ཀྱི་སྟངས་སྟབས་ཀློང་ནས་ཟུར་མིག་མདའ་མོ་རྒྱང་འཕེན་མ།།
བརྩེ་བས་བུ་ལ་བློ་གྲོས་མཆོག་སྩོལ་ཤེས་རབ་འབར་བའི་བདག་ཉིད་མ།།
བྱམས་དང་བརྩེ་བས་འཛུམ་ཆུང་དངས་མོ་སེམས་ཀྱི་དཔྱིད་ལ་འཇོ་མཁས་མ།།
བསླབ་གསུམ་ཉམས་ལེན་ཅིག་ཅར་གཞོལ་བས་འགྲོ་བ་ཀུན་ལ་དགྱེས་མཛད་མ།།
བདག་གི་མགྲིན་པའི་མགུར་གྱི་བདག་མོ་རྒྱལ་བ་དག་གི་ཐུགས་སྲས་མ།།
ཐོས་བསམ་སྒོམ་པས་སྐལ་བཟང་དག་ལ་རིག་པའི་ནོར་བུ་སྦྱིན་མཛད་མ།།
ལུང་དང་རྟོགས་པའི་ཤེས་རིག་ཀློང་ལ་ཐོག་པ་མེད་པར་འཇུག་མཁས་མ།།
མཆོད་པའི་ལྷ་མོ་ཁ་འཛིན་རྒྱབ་བརྟེན་མགོན་སྐྱབས་དཔུང་གཉེན་གཅིག་བུ་མ།།
གནག་ལ་སྣུམ་པའི་སྐྲ་ཡི་ལན་བུ་དྲི་བཞོན་རླུང་ལ་བསྐྱོད་ཤེས་མ།།
རིག་པའི་བུ་ལ་བརྩེ་བས་སྐྱོང་ཕྱིར་འདོད་པས་ཆགས་པ་རབ་རྒྱས་མ།།
ནུ་འབུར་ཟུང་དེ་སྒེག་པའི་ཉམས་ལྡན་གཟུགས་མཛེས་སྟོང་གི་རྒྱན་གཅིག་མ།།
ཟབ་འབྱམས་ཡངས་ལ་ལྷ་ཡི་དར་གོས་རླུང་བུའི་ལྡེམས་ལ་འཁྱུད་ཤེས་མ།།
སྒེག་ཅིང་མཛེས་བས་ཞལ་ཀྱི་དུང་ཟླས་སེམས་ལ་དངས་བ་མཆོག་སྦྱིན་མ།།
སྨིན་ལེགས་སྤྱན་རིས་དལ་ཀྱིས་འཕེན་པས་ཟུར་མིག་འོད་ཞགས་རང་འཁྱིལ་མ།།
ལྡེམ་ཞིང་གཡོ་བས་མྱོས་བུམ་ཟུང་གིས་ཉོན་མོངས་མ་ལུས་འཇོམས་མཛད་མ།།
བསྐལ་བའི་བར་ཏུ་འགྲོ་བ་སྐྱོང་ཕྱིར་བྱམས་བརྩེ་སྤྲིན་དཀར་རབ་མཛེས་མ།།
སེམས་པའི་མགུར་གྱིས་སྙན་པའི་ངག་ལ་གླུ་ཡི་འགྱུར་ཁུག་སྟོང་ལྡན་མ།།
སྨྱུག་གུའི་རྩལ་ལ་རང་དབང་འབྱོར་བས་གདོང་གྲོགས་མཛོད་ཅིག་ཀུན་མཁྱེན་མ།།
སྒྱུ་འཕྲུལ་རོལ་མོའི་འཁྱུག་འགྲོས་ཀློང་ན་གར་གྱི་ཕྱག་རྒྱ་རང་གྲོལ་མ།།
གར་དང་བྲོ་ཡིས་ལྡེམ་པའི་ལུས་ལ་འདར་གྱིས་མཉེན་ལྕུག་རང་འབབ་མ།།
སེམས་ཀྱི་ལྷ་མོ་དད་པའི་མཆོད་ཅིག་འཛུམ་གྱི་འོད་ཆུང་འཕུར་ཤེས་མ།།
སྒྱུ་སྐར་ཁྲི་ཡིས་མཛེས་སྡུག་ཡོད་ཚད་ཚེམས་དཀར་མདངས་ལ་རབ་རྒྱས་མ།།
ཟུར་མིག་གཡོ་བའི་སྟངས་སྟབས་རྣོན་པོ་དྲན་པའི་ཀློང་ནས་དལ་འབབས་མ།།
རེ་བའི་སེམས་ཀྱི་རྒྱ་སེ་མེ་ཏོག་བསིལ་ཆུ་འཛུམ་པའི་མདངས་ལྡན་མ།།
སེམས་ཀྱི་ཁྲོད་ན་གར་ལ་རོལ་ཞིང་རྒྱུད་ཀྱིས་རོལ་དབྱངས་བརྡུང་མཁས་མ།།
སྙན་པའི་ངག་གི་ཤེས་བ་སྩོལ་ཅིག་དྲི་ཟའི་བུ་མོ་གར་མཁན།།
འཇའ་སྤྲིན་རླུང་ལ་ཁ་ལོ་བསྒྱུར་བའི་སྟོང་ཉིད་ལྷ་མོ་དྲི་འཛིན་མ།།
སྒྱུ་མའི་འཕྲུལ་གྱིས་རྣོ་སྦྲེང་དཀྲོལ་བས་སེམས་ཀྱི་དངས་བ་འཕྲོག་བྱེད་མ།།
སོར་རྩེ་པི་ཝང་དབྱངས་ལ་བརྒྱུས་བས་སྙན་པའི་མགུར་གྱི་བང་མཛོད་མ།།
བྱམས་དང་བརྩེ་བས་རྨོངས་དམུན་མཐའ་དག་སེམས་ཀྱི་དྲུང་ནས་འབྱིན་མཛད་མ།།
འོད་དཀར་ལྷ་མོ་མགྲིན་པའི་ཀློང་ལ་ལྷོད་ཀྱིས་འཁྱུག་ཤིག་བརྩེ་རྒྱས་མ།།
ངག་གི་དཔལ་ལ་རང་དབང་སྩོལ་ཅིག་ཡིད་འོངས་བུ་མོ་སེམས་འཛིན་མ།།
ཟུར་མིག་མདའ་ཡིས་རྨོངས་བ་སོད་ཅིག་ཤེས་རབ་འོད་ལ་མངའ་བརྙེས་མ།།
སྤྲིན་དཀར་གཞོན་ནུའི་ཁེངས་བ་འཕྲོག་པའི་དྲི་ཟེར་རླུང་ལ་འདེགས་མཁས་མ།།
དེང་རབས་གློག་གི་འོད་ཁྱིམ་ཀློང་ན་མཚར་སྡུག་འབུམ་གྱིས་རྫོགས་ལྡན་མ།།
གསོལ་བ་བཏབས་པས་འཕྲིན་ཆུང་འདི་ལ་དགྱེས་བར་མཛོད་ཅིག་ཐབས་མཁས་མ།།
འདོད་འདོད་སྟོང་གི་སེམས་ཀྱི་རི་མོ་སོར་མོའི་རྩེ་ནས་བཞུར་བ་ཡིས།།
ངག་རིག་རོལ་མོས་རྒྱུད་ལ་བཏབས་པས་དྲི་ཟ་འགུགས་པའི་གླུ་ཆུང་འདི།།
ཐ་སྙད་མཛོད་ནས་སྒོམ་ཆེན་ཞིག་གི་ཏིང་འཛིན་ཀློང་ནས་འདི་ལྟར་གྱེར།།
སྨོན་ཚིག་མེ་ཏོག་སེམས་ནས་མཆོད་དེ་རྣམ་དཔྱོད་རྒྱས་པའི་དངོས་གྲུབ་ཞུ།།
                                                                   ༢༠༠༧    ༨       ༡༠

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲི་ཟ་འགུག་པའི་གླུ།(ཁག་གཉིས་པ། )

2010-11-26 བན་ཤུལ་ཚང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།