གང་བྱུང་དུ་བྲིས་པ།
སྙན་པའི་ངག་ལ་སྙན་པ་མ་མཆིས་ཀྱང།།
བདེ་མོའི་ངག་ལ་རང་རྩལ་རྫོགས་པ་ཡིས།།
ཐ་སྙད་སྒྱུ་མའི་ངོ་མཚར་མཉམ་དགའ་བ།།
སྨྱུ་གུའི་འཕྲུལ་གྱིས་གློག་ཞགས་འདི་ན་འཁྱུག།
སོར་མོའི་རྩེ་ནས་བཞུར་བའི་དབྱངས་ཀྱི་སྐད།།
མགྲིན་པའི་ཀློང་ནས་བརྡོལ་བའི་ངག་གི་རླབས།།
ཡིད་ཀྱི་དངས་བ་འདྲེན་པའི་ལྷ་མོ་ཀྱེ།།
སྨྱུག་རྩལ་རང་དབང་འབྱོར་བའི་དངོས་གྲུབ་གནོངས།།
ཐུགས་རྗེས་སྤྲིན་དཀར་འཛུམ་པས་བརྩེ་བའི་ལྷ།།
སྙན་ཚིག་ཐོགས་མེད་འཕྱུར་བས་མཚོ་ཡི་རླབས།།
སྡེབས་སྦྱོར་རང་དབང་གྲོལ་བའི་ཤེས་རབ་དང་།།
སྒྱ་རྩལ་ཉམས་ཀྱིས་སྟངས་སྟབས་འབྱོར་བར་ཤོག།
༢༠༠༧ ༨ ༩
རྩོམ་ཁུངས། ངེད་དྲ་བ།