བུ་མོ་ལགས།
ང་ཁྱོད་ཀྱི་ཉེ་སར་ཇི་ལྟར་བཅར་ཀྱང
ངས་ཁྱོད་ཀྱི་འཛུམ་ཆུང་དེའི་གསང་བ་རྟོགས་མ་ཐུབ
ང་ཁྱོད་དང་རིང་སར་ཇི་ལྟར་བཀྱེད་ཀྱང
ངས་ཁྱོད་ཀྱི་འཛུམ་ཆུང་དེའི་མངར་ཁ་འབོར་མ་ཐུབ
ཁ་སང་དེ་རིང་ངའི་རྨི་ལམ་ལ་ཡང་རང་དབང་མི་འདུག
ཁྱོད་ཁོ་ནས་བདག་བཟུང་བྱས་འདུག
བུ་མོ་ལགས ཁ་ཞིག་གྲག་རོགས
ངས་ཁྱོད་ཀྱི་འཛུམ་ཆུང་དེ་ཇི་ལྟར་ཀློག་དགོས
༢༠༡༠ ༡༡ ༢༣ཉིན།
རྩོམ་ཁུངས། ངེད་དྲ་བ།