སྡོང་ལོ་ལྷུང་བ།

ཤག་ཤག་ཏུ་ལྷུང་བའི་སྡོང་ལོ་རེ་རེ།
ངའི་སྙིང་ཆུང་དམར་པོ་རེ་ཡིན་གྱུར་ན།
ས་མཐིལ་ལ་འཐོར་ཟིན་པ་ག་ཚོད་འདུག།
ད་དུང་སྡོང་མགོར་འཕོན་ཇི་ཙམ་མཆིས།
ཡོད་ཚད་ལ་འདང་རེ་རྒྱབ་ན།
དབྱར་ལོ་འདིས་རྨི་ལམ་ཅི་ཙམ་སྦྲུམ་ཡོད་པ།
ངས་ད་སོ་མ་གཞི་ནས་རྟོགས་བྱུང།   གཞི་ནས་རྟོགས་བྱུང།
སེར་ཐིག་ཕོག་པའི་སྡོང་ལོ་རེ་རེ།
ངའི་ན་ཟུག་རེ་རེ་ཡིན་གྱུར་ན།
འཛད་ཏུ་མེད་པའི་ཁྲག་ཐིག་ག་ཚོད་འདུག།
འབོད་ཏུ་མེད་པའི་སྨྲེ་སྔགས་སུ་ཡིས་ཚོར།
མདང་ནུབ།    སྒེའུ་ཁུང་ཕྱི་རོལ་དུ།
མཚན་གང་པོར་གཡུག་པའི་རླུང་བུས།
རྨི་ལམ་ག་ཚོད་ལ་ཆག་ཀྲུམ་བཏང་ཡོད་དམ།
ལྷན་འཛོམས་ག་ཚོད་འཐོར་ཞིག་སོང་ཡོད་དམ།
དོ་དགོང།   སྡོང་པོའི་མགོ་སྐྱེས་ས་མཐིལ་ལ་དྲུལ་ཟིན་པས།
སུས་ཀྱང་རྡོག་རོལ་བཏང་ཆོག་ཆོག་རེད།
དོ་དགོང།  སྡོང་པོའི་ན་གཟའ་ཐེད་རལ་ཏུ་གྱུར་ཟིན་པས།
བ་མོ་དང་གྲང་ལྷགས་ཀྱི་བརྙས་བཅོས་བཟོད་པར་དཀའ།
སྟོང་སང་སང་གི་ཡལ་ག།
ཁུ་སིམ་པའི་ས་སྲོད།
ཕམ་ཉེས་ཞིག་གི་ཕ་རོལ་ན།   ཨུ་ཚུགས་ཀྱིས་འགྲེངས་པའི་སྡོང་པོ།
བརྟན་གཡོའི་གར་སྟེགས་ཆེན་པོ་འདིའི་སྟེང།
སླད་མར་རྣམ་ཐར་ཅི་ཞིག་སྐྱོངས་འདོད།
ཆགས་འཇིགས་ཀྱི་སྒྱུ་མའི་ཀློངས་ལས།
ད་དུང་རྨི་ལམ་ག་ཚོད་སྦྲུམ་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡོང་ལོ་ལྷུང་བ།

2010-11-22 སད། ཀློག་གྲངས། མཆན ཡོད།

ཤག་ཤག་ཏུ་ལྷུང་བའི་སྡོང་ལོ་རེ་རེ།
ངའི་སྙིང་ཆུང་དམར་པོ་རེ་ཡིན་གྱུར་ན།
ས་མཐིལ་ལ་འཐོར་ཟིན་པ་ག་ཚོད་འདུག།
ད་དུང་སྡོང་མགོར་འཕོན་ཇི་ཙམ་མཆིས།
ཡོད་ཚད་ལ་འདང་རེ་རྒྱབ་ན།
དབྱར་ལོ་འདིས་རྨི་ལམ་ཅི་ཙམ་སྦྲུམ་ཡོད་པ།
ངས་ད་སོ་མ་གཞི་ནས་རྟོགས་བྱུང།   གཞི་ནས་རྟོགས་བྱུང།
སེར་ཐིག་ཕོག་པའི་སྡོང་ལོ་རེ་རེ།
ངའི་ན་ཟུག་རེ་རེ་ཡིན་གྱུར་ན།
འཛད་ཏུ་མེད་པའི་ཁྲག་ཐིག་ག་ཚོད་འདུག།
འབོད་ཏུ་མེད་པའི་སྨྲེ་སྔགས་སུ་ཡིས་ཚོར།
མདང་ནུབ།    སྒེའུ་ཁུང་ཕྱི་རོལ་དུ།
མཚན་གང་པོར་གཡུག་པའི་རླུང་བུས།
རྨི་ལམ་ག་ཚོད་ལ་ཆག་ཀྲུམ་བཏང་ཡོད་དམ།
ལྷན་འཛོམས་ག་ཚོད་འཐོར་ཞིག་སོང་ཡོད་དམ།
དོ་དགོང།   སྡོང་པོའི་མགོ་སྐྱེས་ས་མཐིལ་ལ་དྲུལ་ཟིན་པས།
སུས་ཀྱང་རྡོག་རོལ་བཏང་ཆོག་ཆོག་རེད།
དོ་དགོང།  སྡོང་པོའི་ན་གཟའ་ཐེད་རལ་ཏུ་གྱུར་ཟིན་པས།
བ་མོ་དང་གྲང་ལྷགས་ཀྱི་བརྙས་བཅོས་བཟོད་པར་དཀའ།
སྟོང་སང་སང་གི་ཡལ་ག།
ཁུ་སིམ་པའི་ས་སྲོད།
ཕམ་ཉེས་ཞིག་གི་ཕ་རོལ་ན།   ཨུ་ཚུགས་ཀྱིས་འགྲེངས་པའི་སྡོང་པོ།
བརྟན་གཡོའི་གར་སྟེགས་ཆེན་པོ་འདིའི་སྟེང།
སླད་མར་རྣམ་ཐར་ཅི་ཞིག་སྐྱོངས་འདོད།
ཆགས་འཇིགས་ཀྱི་སྒྱུ་མའི་ཀློངས་ལས།
ད་དུང་རྨི་ལམ་ག་ཚོད་སྦྲུམ་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།