ང་ཤི་དུས།

གླིང་བ་རྡོ་རྗེ་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-22

                ­­­­­­­­­­­——ས་འགུལ་ཁྲོད་ཀྱི་ཚེའི་འདས་ཚུལ་ཅིག་ལ།             
ང་ཤི་དུས  ང་ཉི་མ་དང་ཆེས་ཐག་ཉེ་བའི་ས་ཞིག་ན་ཡོད
      བྱེའི་ཆུང་ད་དུང་ཚང་མལ་ན་ཏིང་འཛིན་ལ་སྒོམ་པའི་དུས་ཤིག་ཏུ
      དུད་སྤྲིན་དང་སྐྱ་རེངས་ཀྱི་མཐུན་མཚམས་ད་དུང་སྦྲེལ་མེད་པའི་ནམ་མཁའ
      ལྷིང་འཇགས་ཀྱི་ཁོར་ཡུག་དེ་ད་དུང་ང་ཉིད་གཅིག་པུར་དབང་དུས་ཤིག་ཡིན

ང་ཤི་དུས  ང་ད་དུང་གཉིད་འགུག་ཁྲོད་ཀྱི་རྨི་ལམ་ན་ཡོད་
      ངའི་རྣམ་ཤེས་ལ་འཛུམ་མདངས་རྒྱས་ཡོད་
      ངའི་ཕུང་བོ་དེ་མཉམ་བཞག་གི་བདེ་བར་གཟིམ་ཡོད
      ཐ་ན་གནམ་འོག་གི་ཧུར་སྒྲ་དེ་ཡང་མ་གོ

ང་ཤི་དུས  འདྲིས་ཤིང་འདྲོགས་པའི་གནམ་བཅལ་དེས་ང་ལ་ལུས་འཐམ་བྱས་ཐལ་
      སྲ་ཞིང་འབོལ་བའི་མལ་ཁྲི་དེས་རང་གཟུགས་མངོན་ཐལ་
      ཅི་བསམ་འདི་བསམ་མེད་པའི་དངངས་སྐྲག་ཅིག་གིས་
      ངས་ད་སོ་མའི་རང་དབང་ཡོངས་སུ་བོར་
      དེ་ནི་ཨ་མས་ང་ལ་སློབ་གྲྦར་འགྲོ་བར་གཉིད་སློང་བྱས་པ་ཡིན་ནམ་བསམ

ང་ཤི་དུས  ངས་ལག་པས་རོ་ལངས་བརྒྱབ་པའི་ས་ཆེན་དེར་འཐམ་ནས་བསྡད་པ་ཡིན
      སྙིང་ཉེ་བའི་ལྫིད་ཚད་དེས་ཀྱང་ང་རང་དམ་པོར་རུམ་
      ཡིན་ནའང་ཤ་ཁྲག་རུས་པའི་ཕྱི་ནང་འཁྱག་སེར་བུད་ཐལ་

ང་ཤི་དུས  ངས་རང་ཉིད་ཤི་བའི་གོ་རིམ་ཡང་མ་ཤེས་
       འཆི་བདག་གི་ངང་ཚུལ་དེ་ཡང་མ་དྲན་

ང་ཤི་དུས  ངས་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་ཤི་བའི་གཏམ་རྒྱུད་བྲིས་
      འོན་ཀྱང་ཆུ་བུར་ལྟར་ཡལ་བའི་སྒྱུ་འཕྲུལ་དེའི་ཕ་རོལ་དུ་
      ངས་ཕ་མ་གཉེན་ཉེ་དག་དང་ལྷན་འཛོམས་ཀྱི་སྐལ་བ་རྙེད།
        2010.5.14  རང་ཤག་ཏུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཤི་དུས།

2010-11-22 གླིང་བ་རྡོ་རྗེ་རིན་ཆེན། ཀློག་གྲངས། མཆན ཡོད།

                ­­­­­­­­­­­——ས་འགུལ་ཁྲོད་ཀྱི་ཚེའི་འདས་ཚུལ་ཅིག་ལ།             
ང་ཤི་དུས  ང་ཉི་མ་དང་ཆེས་ཐག་ཉེ་བའི་ས་ཞིག་ན་ཡོད
      བྱེའི་ཆུང་ད་དུང་ཚང་མལ་ན་ཏིང་འཛིན་ལ་སྒོམ་པའི་དུས་ཤིག་ཏུ
      དུད་སྤྲིན་དང་སྐྱ་རེངས་ཀྱི་མཐུན་མཚམས་ད་དུང་སྦྲེལ་མེད་པའི་ནམ་མཁའ
      ལྷིང་འཇགས་ཀྱི་ཁོར་ཡུག་དེ་ད་དུང་ང་ཉིད་གཅིག་པུར་དབང་དུས་ཤིག་ཡིན

ང་ཤི་དུས  ང་ད་དུང་གཉིད་འགུག་ཁྲོད་ཀྱི་རྨི་ལམ་ན་ཡོད་
      ངའི་རྣམ་ཤེས་ལ་འཛུམ་མདངས་རྒྱས་ཡོད་
      ངའི་ཕུང་བོ་དེ་མཉམ་བཞག་གི་བདེ་བར་གཟིམ་ཡོད
      ཐ་ན་གནམ་འོག་གི་ཧུར་སྒྲ་དེ་ཡང་མ་གོ

ང་ཤི་དུས  འདྲིས་ཤིང་འདྲོགས་པའི་གནམ་བཅལ་དེས་ང་ལ་ལུས་འཐམ་བྱས་ཐལ་
      སྲ་ཞིང་འབོལ་བའི་མལ་ཁྲི་དེས་རང་གཟུགས་མངོན་ཐལ་
      ཅི་བསམ་འདི་བསམ་མེད་པའི་དངངས་སྐྲག་ཅིག་གིས་
      ངས་ད་སོ་མའི་རང་དབང་ཡོངས་སུ་བོར་
      དེ་ནི་ཨ་མས་ང་ལ་སློབ་གྲྦར་འགྲོ་བར་གཉིད་སློང་བྱས་པ་ཡིན་ནམ་བསམ

ང་ཤི་དུས  ངས་ལག་པས་རོ་ལངས་བརྒྱབ་པའི་ས་ཆེན་དེར་འཐམ་ནས་བསྡད་པ་ཡིན
      སྙིང་ཉེ་བའི་ལྫིད་ཚད་དེས་ཀྱང་ང་རང་དམ་པོར་རུམ་
      ཡིན་ནའང་ཤ་ཁྲག་རུས་པའི་ཕྱི་ནང་འཁྱག་སེར་བུད་ཐལ་

ང་ཤི་དུས  ངས་རང་ཉིད་ཤི་བའི་གོ་རིམ་ཡང་མ་ཤེས་
       འཆི་བདག་གི་ངང་ཚུལ་དེ་ཡང་མ་དྲན་

ང་ཤི་དུས  ངས་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་ཤི་བའི་གཏམ་རྒྱུད་བྲིས་
      འོན་ཀྱང་ཆུ་བུར་ལྟར་ཡལ་བའི་སྒྱུ་འཕྲུལ་དེའི་ཕ་རོལ་དུ་
      ངས་ཕ་མ་གཉེན་ཉེ་དག་དང་ལྷན་འཛོམས་ཀྱི་སྐལ་བ་རྙེད།
        2010.5.14  རང་ཤག་ཏུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།